ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཡོ་ནན་ཉེན་རྟོག་ཕྱོགས་ཀྱིས་མི་གཞན་ཁྲིམས་འགལ་ངང་རྒྱལ་སྒྲོལ་བྱ་རྒྱུ་སྒྲིག་འཛུགས་དང་ངོ་སྤྲོད་བྱེད་མཁན་ཉེས་གསོག་དོགས་ཡོད་མི་སྣ་8འཛིན་བཟུང་བྱས་པ།

2019-11-06 15:06:00     责编:sangjzm

མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་4ཉིན། ཡོ་ནན་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཡོ་ནན་དབུས་རྒྱུད་ཀྱི་དབྱི་ཨན་ཞིང་ཆེན་གྱི་སྤྱི་བདེ་སྡེ་ཚན་གྱིས་མི་གཞན་ཁྲིམས་འགལ་ངང་རྒྱལ་སྒྲོལ་བྱ་རྒྱུ་སྒྲིག་འཛུགས་དང་ངོ་སྤྲོད་བྱེད་མཁན་ཉེས་གསོག་དོགས་ཡོད་མི་སྣ་8བཀག་སྐྱིལ་བྱས་ཡོད།

ཡོ་ནན་གསར་འགྱུར་ཁང་གིས་དབྱི་ཨན་ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་ཡོན་ཡུའུ་ཆོའུ་ཡི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བར། མིག་སྔར། དབྱི་ཨན་ཞིང་ཆེན་གྱི་དུད་ཁྱིམ་21གིས་དབྱིན་ཇིར་བསྐྱོད་པའི་གཉེན་ཉེ་དང་འབྲེལ་བ་ཆད་པའི་སྙན་ཞུ་འབུལ་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་དུད་ཁྱིམ་དེ་ཚོ་ནས་DNAཡི་མ་དཔེ་བླངས་ནས། ཞིབ་བསྡུར་བྱ་རྒྱུའི་གྲ་སྒྲིག་བྱས་ཡོད།

ཡོ་ནན་གྱི་ཙུང་ལི་གཞོན་པ་ཀྲང་ཧོ་ཕིང་གིས་ཚེས་3ཉིན་གྱི་དགོང་མོ་ཡོ་ནན་གྱི་སྡེ་ཚན་མང་པོའི་མཉམ་འབྲེལ་ཚོགས་འདུ་གཙོ་སྐྱོང་བྱས་ནས། སྡེ་ཚན་ཁག་གིས་མུ་མཐུད་དབྱིན་ཇི་ཕྱོགས་དང་མཐུན་སྦྱོར་ཟབ་མོ་བྱས་ཏེ། རྐྱེན་ལམ་དུ་ཤོར་བའི་མིའི་ཐོབ་ཐང་ངོས་འཛིན་བྱས་ཏེ། གང་མགྱོགས་ཕྱི་ཕྱོགས་ལ་གནས་ཚུལ་ཡོངས་བསྒྲགས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

中央广播电视总台 央广网 版权所有