ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ངར་ལྕགས་ཐོན་ནུས་མཁོ་ཉུང་ཐོན་མང་གི་གོ་ལ་ཧྲིལ་པོའི་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་ཐེངས་གསུམ་པ་རི་པིན་ཐོ་ཁེའོ་རུ་འཚོགས་པ།

2019-11-06 15:04:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་ཐོ་ཁེའོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ངར་ལྕགས་ཐོན་ནུས་མཁོ་ཉུང་ཐོན་མང་གི་གོ་ལ་ཧྲིལ་པོའི་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་ཐེངས་གསུམ་པ་རི་པིན་ཐོ་ཁེའོ་རུ་འཚོགས་ཤིང་། ཀྲུང་གོ་ཚོང་དོན་པུའི་པུའུ་ཀྲང་གི་ལས་རོགས་ལི་ཁྲེང་ཀང་གདན་ཞུས་ལྟར་ཚོགས་འདུར་ཞུགས་པ་དང་། ཚོགས་འདུའི་ཐོག་གླེང་སྟེགས་ཀྱི་དུས་འགྱངས་གནད་དོན་སྐོར་ལ་ཐུན་མོང་གི་ངོས་འཛིན་གཅིག་མཐུན་བྱུང་མེད། གླེང་སྟེགས་ཀྱི་འགན་འཁྲིའི་ཡིག་ཆ་གཞིར་བཟུང་། གླེང་སྟེགས་ཀྱི་དུས་བཅད་ལོ་3ཡིན་པ་དང་འདི་ལོ་དུས་བཀག་ཚང་རྗེས་རང་བཞིན་དུ་མཇུག་འགྲིལ་རྒྱུ་རེད།

ཀྲུང་གོ་ཕྱོགས་ཀྱིས་བསྟན་དོན། ཀྲུང་གོའི་ངར་ལྕགས་ཐོན་ནུས་མང་ཤོས་འདོར་བ་དང་ལེགས་སྐྱེས་འབུལ་ཚད་མངོན་གསལ་དོད་ཤོས་རེད། ཀྲུང་གོས་ལྷག་བསམ་རྣམ་དག་དང་མཉམ་ལས་ཀྱི་སྙིང་སྟོབས་ལ་བརྟེན་ནས་གླེང་སྟེགས་ལ་ཞུགས་པ་དེ་ནི་གླེང་སྟེགས་ཀྱི་ཁོངས་མིའི་ཁྲོད་ཀྱི་ཐོན་ནུས་འདོར་བའི་དམིགས་ཚད་གཏན་འཁེལ་བྱས་པའི་རྒྱལ་ཁབ་འབའ་ཞིག་ཡིན་པ་མ་ཟད། རང་འགུལ་ངང་བྱེད་ཐབས་ཏན་ཏིག་སྤྱད་དེ་ཐོན་ནུས་འདོར་མཁན་གྱི་རྒྱལ་ཁབ་ཅིག་ཀྱང་རེད། 2016ལོ་ཚུན་དུ། ཀྲུང་གོས་ངར་ལྕགས་ཐོན་ནུས་ཏུན་དུང་ཕྱུར་1.5ཡན་ཉུང་དུ་བཏང་ཡོད། དེས་ན། ཀྲུང་གོ་ཕྱོགས་ཀྱིས་ངར་ལྕགས་བཟོ་པ་བཀོད་སྒྲིག་གཞན་སྒྱུར་བྱས་པ་ཁོ་ནར་མི་ཁྲི་28ཟིན་ནས་ཨ་རི་དང་། ཡོ་རོབ། རི་པིན་བཅས་སོ་སོའི་ངར་ལྕགས་ལས་ཞུགས་མི་གྲངས་བསྡོམས་འབོར་ལས་བརྒལ་ཡོད།

ཀྲུང་གོ་ཕྱོགས་ཀྱིས་ནན་བཤད་བྱས་དོན། ཀྲུང་གོའི་ངར་ལྕགས་ཐོན་སྐྱེད་གཙོ་བོ་རྒྱལ་ནང་གི་དགོས་མཁོ་སྐོང་གི་ཡོད། ཀྲུང་གོའི་ངར་ལྕགས་ཐོན་ནུས་དང་ཐོན་ཚད་ཀྱིས་གོ་ལ་ཧྲིལ་པོའི་ཕྱེད་ཀ་བཟུང་མོད། འོན་ཀྱང་ཀྲུང་གོའི་ངར་ལྕགས་ཀྱི་འཛད་སྤྱོད་བྱེད་ཚད་ཀྱང་གོ་ལ་ཧྲིལ་པོའི་ཕྱེད་ཀ་ཙམ་ཟིན་ནས་མིག་སྔའི་ཐོན་ཚད་ཀྱི་93%རྒྱལ་ནང་གི་དགོས་མཁོ་སྐོང་བར་སྤྱོད་པ་དང་། ངར་ལྕགས་རྒྱུ་ཆ་ཕྱིར་གཏོང་བྱས་པ་དེས་ཐོན་ཚད་བསྡུར་གྲངས་ཀྱི་7%ཁོ་ན་ལས་ཟིན་གྱི་མེད་པས། རྒྱལ་སྤྱིའི་ཁྲོམ་རར་བརྡབ་གསིག་བཟོས་མེད།

ཀྲུང་གོ་ཕྱོགས་ཀྱིས་བསྟན་དོན། ཐོན་ནུས་མཁོ་ཉུང་ཐོན་མང་ནི་གོ་ལ་ཧྲིལ་པོར་ཕྲད་པའི་ཐུན་མོང་གི་འགྲན་སློང་ཞིག་རེད། རེས་སྐོར་འདིའི་ངར་ལྕགས་ཐོན་ནུས་མཁོ་ཉུང་ཐོན་མང་གི་གཞི་རྩའི་རྒྱུ་རྐྱེན་ནི་2008ལོའི་རྒྱལ་སྤྱིའི་དངུལ་རྩའི་ཉེན་ཁ་ལས་བྱུང་བའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཉམས་ཞན་དུ་ཕྱིན་པ་དང་ངར་ལྕགས་ཀྱི་དགོས་མཁོ་ཆུང་དུ་ཕྱིན་པ་དེ་རེད། “གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པའི”རྩ་དོན་ལ་ངེས་པར་དུ་བརྩི་སྲུང་ཞུས་ནས། ཐུན་མོང་ཐོག་བྱ་ཐབས་སྤྱད་དེ་ཁ་གཏད་གཅོག་བ་ནི་G20ཧང་ཀྲོའུ་དབུ་ཚོགས་འཚོགས་ཚུན་གྱི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་ཞིག་རེད།

中央广播电视总台 央广网 版权所有