ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་གི་བུད་མེད་དམག་མིར་ཚད་མཐོའི་བསྔགས་བརྗོད་བྱས་པ།

2019-11-06 15:03:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེ་རུ་ཐེ་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེའི་སི་ལིང་པུའུ་ཚན་མོའུ་པུའི་སྐྱེས་པ་དང་བུད་མེད་ཀྱི་དཔོན་རིགས་ཧོ་ལན་མཚོ་དམག་གི་ཀྲུང་ཞའོ་དམག་དཔོན་ཨའེ་ལ་ཉིན་ཤས་གོང་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་སྒར་ཁུལ་དུ་ཆེད་མངགས་བསྐྱོད་ནས། ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་18པའི་བུད་མེད་དམག་མིར་བལྟས་པ་མ་ཟད། ཁོ་ཚོས་ཞི་བདེ་སྲུང་སྐྱོང་བྱ་གཞག་ལ་འབད་བརྩོན་བྱས་པར་ཚད་མཐོའི་ཁས་ལེན་བྱས་པ་དང་སྦྲགས། བློ་སྟོབས་ཀྱིས་ཁེངས་པའི་ལས་ཀའི་སྤྲོ་སེམས་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བའི་ཁོ་ཚོའི་སྙིང་སྟོབས་ལ་བསྔགས་བརྗོད་བྱས་པ་རེད།

ཨའེ་ལ་ཡིས་སྤེལ་རེས་བྱེད་སྒོར་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་གི་བྱ་གཞག་ལ་རྒྱབ་སྐྱོར་བྱས་པ་དེས་ཕྱོགས་ཁག་ལ་མིག་དཔེ་བཏོད་ཡོད། ཁོང་གིས་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་གི་བུད་མེད་དམག་མིས་ལས་གནས་ཁག་དང་། ལྷག་པར་དུ་དམག་འཐབ་ཀྱི་ལས་གནས་ཐོག་མངོན་པའི་བུད་མེད་ཀྱི་སྟོབས་ཤུགས་ལ་བསྔགས་བརྗོད་བྱེད་ཀྱི་ཡོད། “ཁྱེད་ཚོས་ལེ་པ་ནོན་ལྷོ་རྒྱུད་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཁྱེད་ཚོ་ནི་ལེ་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེས་ཞི་བདེ་སྲུང་སྐྱོང་གི་ལས་འགན་སྒྲུབ་པར་མེད་ན་མི་འགྲིག་པའི་ཞི་བདེའི་ཕོ་ཉ་ཞིག་རེད”ཅེས་བརྗོད་པ་རེད།

中央广播电视总台 央广网 版权所有