ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

སི་རི་ཡའི་གསར་འགྱུར་ཚན་པས་སི་རི་ཡ་དང་ཐུར་ཁེའི་དམག་བར་མཐའ་མཚམས་ས་ཁུལ་དུ་གདོང་ཐུག་ཤོར་བ།

2019-11-01 15:40:00     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སི་རི་ཡའི་གསར་འགྱུར་ཚན་པས་སྤྱི་ཟླ་༡༠ཚེས་༣༠ཉིན་སྤེལ་བའི་གནས་ཚུལ་ལ་གཞིགས་ན། སི་རི་ཡའི་སྲིད་གཞུང་དམག་དང་ཐུར་ཁེའི་དམག་དཔུང་གིས་ཉིན་དེར་སི་རི་ཡའི་བྱང་རྒྱུད་གྲོང་རྡལ་ལ་སི་ཨའེ་དབྱིན་ལྷོ་རྒྱུད་དུ་དྲག་པོའི་དམག་འཐབ་བྱས་ཡོད་ཅེས་བསྟན་ཡོད། སི་རི་ཡའི་གསར་འགྱུར་ཚན་པས། ལ་སི་ཨའེ་དབྱིན་གྱིས་གྲོང་ཚོ་མང་པོར་ཐུར་ཁེའི་དམག་དཔུང་གི་འབར་གས་ཕོག་ཡོད་པ་དང་། དེའི་ནང་གྲོང་ཚོ་གཉིས་ལ་བཙན་བཟུང་བྱས་ཡོད། ཐུར་ཁེས་རྒྱབ་སྐྱོར་བྱེད་པའི་སི་རི་ཡའི་ངོ་རྒོལ་ཤོག་ཁག་གིས། ཉེ་དུས་དེ་དང་མཚུངས་པ་དང་། བར་མཚམས་རང་བཞིན་གྱི་གདོང་ཐུག་ཐུར་ཁེ་དང་སི་རི་ཡའི་བར་ཐོན་ཡོད་ཅེས་བཤད་འདུག སྤྱི་ཚེས་༣༠ཉིན། ཐུར་ཁེའི་ཕྱོགས་ནས། སི་རི་ཡའི་ཁུ་འར་ཏེ་དྲག་ཆས་ཀྱིས་ཨུ་རུ་སུ་དང་ཐུར་ཁེའི་བསམ་ཤེས་བརྗེད་ཐོར་གཞིགས་ནས་ཐུར་ཁེ་དང་སི་རི་ཡའི་མཐའ་མཚམས་ལྷོ་ངོས་ཀྱི་སྤྱི་ལེ་༣༠ཕྱི་རོལ་གྱི་ས་ཁུལ་ལ་ཕྱིར་འཐེན་བྱས་མེད། ཡིན་ནའང་ཨུ་རུ་སུའི་རྒྱལ་སྲུང་པུས་དེའི་གོང་། སི་རི་ཡའི་ཁུ་འར་ཏེ་དྲག་ཆས་ཀྱིས་ཕྱིར་འཐེན་བྱ་རྒྱུ་ལེགས་སྒྲུབ་ཟིན་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད། ཉིན་དེར། སི་རི་ཡའི་སྲིད་གཞུང་དམག་དང་། ངོ་རྒོལ་ཤོག་ཁག་དང་དམངས་ཁྲོད་མི་སྣའི་འཐུས་ཚབ་ཀྱིས་གྲུབ་པའི་སི་རི་ཡའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་པོ་དེ་རི་ནེ་ཝར་སྐོང་འཚོགས་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

中央广播电视总台 央广网 版权所有