ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཆི་ལིས་APECའགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་གཉེར་རྒྱུ་མིན་པའི་ཁྱབ་བསྒྲགས་བྱས་པ།

2019-11-01 11:02:00     责编:sangjzm

མི་དམངས་དྲ་བའི་འཕྲིན། ཚེས་30ཉིན་གྱི་སྔ་དྲོ། ཆི་ལིའི་ཙུང་ཐུང་ཕི་ཉེ་ལ་ཡིས་ཙུང་ཐུང་ལས་ཤག་ཏུ་བརྙན་འཕྲིན་གཏམ་བཤད་སྤེལ་ནས་ཆི་ལི་སྲིད་གཞུང་གིས་ད་ལོའི་ཟླ་11པ་དང་ཟླ་12པ་སོ་སོར་འཚོག་རྒྱུའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་(APEC)ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་གཙོ་གཉེར་མི་བྱེད་པར་རྒྱལ་ནང་གི་དུས་བབ་ལ་སྔོན་དུ་ཁ་གཏད་གཅོག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།

ཕི་ཉེ་ལ་ཡིས་ཉེ་བའི་གཟའ་འཁོར་གཉིས་རིང་ཆི་ལིའི་རྒྱལ་ནང་གི་དུས་བབ་ལ་དཀའ་ངལ་འཕྲད་ཡོད། མིག་སྔར་སྲིད་གཞུང་གིས་དམངས་ཚོགས་ཀྱི་རེ་བར་བསྟུན་ནས་སྔོན་ལ་སྤྱི་ཚོགས་ཀྱི་སྒྲིག་ལམ་སླར་གསོ་དང་། སྤྱི་དམངས་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟེན་འཇགས་ཡོང་རྒྱུ་འགན་ལེན་བྱེད་པ། སྤྱི་ཚོགས་ཀྱི་འཆར་གཞི་གསར་པ་མགྱོགས་མྱུར་ལག་བསྟར་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུར་བསམ་གཞིག་བྱས་ནས་སྲིད་གཞུང་གིས་དཀའ་ཚེགས་ཆེ་བའི་གཏན་འབེབས་དེ་བྱས་པ་ཡིན་ཞེས་བརྗོད།

ཕི་ཉེ་ལས་གཏན་འབེབས་དེ་ལས་ཐོན་པའི་གནད་དོན་དང་སྟབས་མི་བདེ་བར་བློ་ཕམ་ཆེན་པོ་བྱེད་པ་དང་། APECཡི་ཆི་ལིའི་དཔལ་འབྱོར་གྱི་གལ་ཆེའི་རང་བཞིན་དང་དེ་བཞིན་ཆི་ལིས་བྱ་སྤྱོད་ནུས་ལྡན་སྤེལ་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུའི་ཁས་ལེན་བསྐྱར་བསྒྲགས་བྱས་པ་རེད།

ཟླ་འདིའི་ཟླ་དཀྱིལ་ནས་བཟུང་ཆི་ལིའི་རྒྱལ་ས་སན་ཐེ་ཨ་ཀོའི་སྤྱི་སྤྱོད་རླངས་འཁོར་ཁོངས་གཏོགས་ཀྱི་སྤ་སེའི་རིན་གོང་སྤར་བས་རྒོལ་གཏམ་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་ཐོན་ཡོད། ཕི་ཉེ་ལས་ཚེས་19ཉིན་གྱི་ཐོ་རེངས་སུ་སན་ཐེ་ཨ་ཀོ་ཛ་དྲག་གི་གནས་སུ་གྱར་བའི་ཁྱབ་བསྒྲགས་བྱས་པ་དང་དམག་ཕྱོགས་ཀྱིས་ཉིན་དེར་སན་ཐེ་ཨ་ཀོར་མཚན་འགྲུལ་བཀག་འགོག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཆི་ལིའི་ཁུལ་ཆེན་16ཁྲོད་ཀྱི་ཁུལ་ཆེན་15སྔ་རྗེས་སུ་ཆ་ཤས་སམ་ཚང་མ་ཛ་དྲག་གི་གནས་སུ་གྱར་ཡོད། རྒྱལ་ཡོངས་ཁྱབ་ཁོངས་ཀྱི་ཛ་དྲག་རྣམ་པ་དེ་ཚེས་28ཉིན་གྱི་ཆུ་ཚོད་ཀླད་ཀོར་ཐོག་ཕྱིར་འཐེན་བྱས་པ་རེད།

中央广播电视总台 央广网 版权所有