ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཨ་རིའི་རྒྱལ་ཚོགས་ཀྱིས་ཨ་རིའི་རྒྱལ་དོན་བློན་ཆེན་ཕོང་ཕེ་ཨོ་ལ་འགུག་ཡིག་བཏང་བ།

2019-09-29 09:51:00     来源:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།     责编:nake

ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྨད་པའི་ཨུ་ཡོན་ལྷན་ཁང་གསུམ་གྱིས་སྤྱི་ཚེས་༢༧ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཨུ་ཁེ་ལན་གྱི་ཙུང་ཐུང་ཙེ་ལན་སི་ཅིའི་༼ཁ་པར་དོན་རྐྱེན་༽སྐོར་ལ་ཨ་རིའི་རྒྱལ་དོན་བློན་ཆེན་ཕོང་ཕེ་ཨོ་ལ་འགུག་ཡིག་བཏང་བ་མ་ཚད། ཁོང་གིས་ད་ལོའི་ཟླ་བ་༡༠པའི་ཚེས་༤ཉིན་གྱི་གོང་དོན་རྐྱེན་དེ་དང་འབྲེལ་བ་ཡོད་པའི་ཡིག་ཆ་གོང་འབུལ་ཞུས་ཏེ་གྲོས་ཚོགས་སྨད་པས་ཐེ་རོན་ཕུའི་ནག་ཉེས་ཐེར་འདོན་བྱེད་པའི་ལས་དོན་ལ་རམས་འདེགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

གྲོས་ཚོགས་སྨད་པའི་ཕྱི་འབྲེལ་ཨུ་ཡོན་ལྷན་ཁང་དང་། ལྟ་སྐུལ་ཨུ་ཡོན་ལྷན་ཁང་། གསང་འཕྲིན་ཨུ་ཡོན་ལྷན་ཁང་ཀྱི་ཀྲུའུ་ཞི་བཅས་ཀྱིས་ཉིན་དེའི་མིང་མཉམ་བཀོད་ཀྱི་འཕྲིན་ཡིག་ཞིག་གི་ནང་། ཁོང་ཚོས་འབྲེལ་ཡོད་ཡིག་ཆ་ལྟ་འཐེན་བྱས་ཏེ། ཐེ་རོན་ཕུས་ཨུ་ཁེ་ལན་ལ་གནོན་ཤུགས་སྤྲད་དེ་ཨུ་ཁེ་ལན་ནས་ཨ་རིའི་༢༠༢༠ལོའི་འདེམས་བསྐོར་ཐེ་ཇུས་བྱེད་དུ་བཅུག་པ་ཞེས་པའི་དོན་རྐྱེན་དེས་ཨ་རིའི་རྒྱལ་ཁབ་བདེ་འཇགས་སོགས་ཀྱི་གནད་དོན་ལ་ཉེན་ཁ་ག་ཚོད་བཟོས་མིན་ཐད་བརྟག་དཔྱད་བྱེད་དགོས་པའི་བླང་བྱ་བཏོན་པ་འཁོད་འདུག

ཡིག་སྒྱུར། ཟླ་བ་གཡུ་སྒྲོན།

འཛམ་གླིང་སྐར་ཁུངས།

ཨ་རིས་བོད་འབྲེལ་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས།

ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་9ཚེས་19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་

中央广播电视总台 央广网 版权所有