ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཕྱི་འབྲེལ་པུས་ཕ་ཁི་སི་ཐན་གྱི་ཙུང་ལིས་ཀྲུང་ཕའི་འབྲེལ་བར་གདེང་འཇོག་བཟང་པོ་གནང་བར་བསྔགས་བརྗོད་ཚད་མཐོན་པོ་བྱས་པ།

2019-09-27 17:55:00     来源:     责编:sangjzm

མི་དམངས་དྲ་བའི་འཕྲིན། ཚེས་26ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན་ཧན་གྱིས་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་ཕའི་འབྲེལ་བར་གདེང་འཇོག་བཟང་པོ་གནང་བར་བསྔགས་བརྗོད་ཚད་མཐོན་པོ་བྱས་ཤིང་། ཕ་ཁི་སི་ཐན་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་དང་ལག་གདང་སྦྲེལ་ནས་ཀྲུང་ཕའི་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

གསར་འགོད་པ་ཞིག་གིས་ཚེས་23ཉིན་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན་ཧན་གྱིས་ཉིའུ་གཡོད་དུ་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་ལ་འཕེལ་རྒྱས་ཀྱི་གོ་སྐབས་ཧ་ཅང་ཆེན་པོ་མཁོ་འདོན་བྱས་ཡོད་པས་ཀྲུང་ཕའི་དཔལ་འབྱོར་མཉམ་ལས་ཀྱི་རྒྱབ་ཏུ་“བླང་དོར”གྱི་གནད་དོན་མེད་ཅེས་བཤད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།
ཀེང་ཧྲོང་གིས་ཙུང་ལི་དབྱི་མུའུ་ལན་ཧན་གྱིས་བཅར་འདྲི་དང་ལེན་བྱེད་སྐབས་ཀྲུང་ཕའི་འབྲེལ་བར་གདེང་འཇོག་ཡག་པོ་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད། ཁོང་གི་རྣམ་འགྱུར་ལ་རྦད་དེ་མོས་མཐུན་ཡོད་ཅེས་བརྗོད་པ་རེད།

ཀེང་ཧྲོང་གིས་ཀྲུང་ཕ་རྒྱལ་ཁབ་གཉིས་ནི་དུས་དང་རྣམ་པ་ཀུན་ཏུ་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླ་ཡིན་པ་དང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་། ཕན་ཚུན་བསམ་ཤེས། ཕན་ཚུན་རྒྱབ་སྐྱོར་བྱེད་པས། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ལ་གཞོམ་ཞིག་མེད། མིག་སྔར། ཀྲུང་ཕའི་འབྲེལ་བའི་འཕེལ་ཕྱོགས་ཡག་པོ་ཡོད། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་མང་ཞིང་གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བཞིན་ཡོད། ཀྲུང་ཕ་བར་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ཅིང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཐོན་ནས་ཕ་ཁི་སི་ཐན་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ཀྲུང་ཕ་གཉིས་ཀྱིས་མཛའ་མཐུན་མཉམ་ལས་སྤེལ་བ་དེ་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་མ་ཟད། རྒྱལ་སྤྱིའི་ཞི་བདེ་བརྟན་ལྷིང་དང་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་པ་ལའང་ཕན་པ་ཡོད་ཅེས་བརྗོད།

“ང་ཚོས་ཕ་ཁི་སི་ཐན་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། ལག་གདང་སྦྲེལ་ནས་ཀྲུང་ཕའི་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་དུས་རབས་གསར་པའི་དེ་བས་ཟབ་པའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་འདོད་ཡོད”ཅེས་ཀེང་ཧྲོང་གིས་བཤད།

འཛམ་གླིང་སྐར་ཁུངས།

ཨ་རིས་བོད་འབྲེལ་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས།

ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་9ཚེས་19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་

中央广播电视总台 央广网 版权所有