ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

ཀྲུང་ལུགས་གསོ་རིག་རིག་གནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབན་གོ་ཕོ་བྲང་དུ་འགྲེམས་སྟོན་བྱས་པ།

2019-09-27 17:47:00     来源:     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རེ་ནེ་ཝ་ནས་ཟླ་9ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད། ཚེས་24ཉིན། “ཀྲུང་ལུགས་གསོ་རིག་རིག་གནས་མཉམ་འབྲེལ་རྒྱལ་ཚོགས་དབན་གོ་ཕོ་བྲང་དུ་བསྐྱོད”ཅེས་པའི་འགྲེམས་སྟོན་མཉམ་འབྲེལ་རྒྱལ་ཚོགས་རེ་ནེ་ཝའི་དོན་གཅོད་ཁྲུའུ་གནས་སའི་དབན་གོ་ཕོ་བྲང་དུ་གཉེར་ནས། ཀྲུང་ལུགས་གསོ་རིག་རིག་གནས་འཛམ་གླིང་ལ་སྔར་བས་ཕྱོགས་པར་སྐུལ་འདེད་བཏང་བ་དང་ཆབས་ཅིག ལོ་ངོ་70རིང་གི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་འགྲེམས་སྟོན་ཡང་བྱས་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་རེ་ནེ་ཝའི་དོན་གཅོད་ཁྲུའུ་དང་སུའེ་ཙེར་གྱི་དེ་མིན་རྒྱལ་སྤྱིའི་རྩ་འཛུགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཁྲེན་ཤུས་ཀྱིས། འགོ་ཚུགས་ཤིས་ཚིག་སྒྲོན་སྐབས། ཀྲུང་ཧྭའི་གསོ་རིག་ཀྱིས་ལོ་ངོ་སྟོང་ཕྲག་མང་པོའི་རིང་མིའི་རིགས་ཀྱི་བདེ་ཐང་ལ་ནུས་པ་ཆེན་པོ་འདོན་སྤེལ་བྱས་ཡོད། དེར་འདུས་པའི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱིས་དེང་གི་འཛམ་གླིང་ཞི་མཐུན་འཕེལ་རྒྱས་ལའང་དོན་དངོས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ད་ཐེངས་ཀྱི་འགྲེམས་སྟོན་གྱིས་ཀྲུང་གོའི་རིག་གནས་དང་ཀྲུང་གོའི་བློ་གྲོས་ལ་འབྲེལ་འདྲེས་བྱེད་པའི་སྒེའུ་ཁུང་ཞིག་ཕྱེ་བ་དང་། དེས་ཚང་མར་སྣེ་ཁྲིད་དེ་རང་རང་གི་མཐོང་ཕྱོགས་མི་འདྲ་བའི་ཐོག་ནས་མིའི་རིགས་ཀྱི་བདེ་ཐང་གི་གསང་བ་འཚོལ་ཞིབ་དང་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་མཛེས་སྡུག་ལྡན་པའི་མདུན་ལམ་གཏོད་ཆེད་ཐུན་མོང་འབད་འཐབ་བྱས་ཡོད་ཅེས་བརྗོད།

ཀྲུང་གོ་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་ཅུས་ཀྲང་གཞོན་པ་ཡན་ཧྲུའུ་ཅང་གིས། ཉེ་བའི་ལོ་ཤས་རིང་། ཀྲུང་ལུགས་གསོ་རིག་རྒྱལ་སྤྱིའི་ཐོག་ཁྱབ་གདལ་གཏོང་རྒྱུར་འཕེལ་རྒྱས་མྱུར་པོ་བྱུང་བ་དང་། མིའི་རིགས་ཀྱི་བདེ་ཐང་འགན་ལེན་ཐད་ལེགས་སྐྱེས་དེ་བས་ཆེ་བ་ཕུལ་ཡོད། ད་རེས་ཀྱི་བྱེད་སྒོས་སྲོལ་རྒྱུན་གྱི་གསོ་རིག་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ནས་གོ་ལ་ཧྲིལ་པོའི་འཕྲོད་བསྟེན་བཅོས་སྒྲིག་ལ་རམ་འདེགས་བྱས་ཏེ་མིའི་རིགས་ཡོངས་ཀྱི་བདེ་ཐང་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་ཐུབ་པའི་རེ་བ་ཡོད་ཅེས་བརྗོད།

འཛམ་གླིང་སྐར་ཁུངས།

ཨ་རིས་བོད་འབྲེལ་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས།

ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་9ཚེས་19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་

中央广播电视总台 央广网 版权所有