ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་སྤྱིའི་གསར་འགྱུར།

འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་ལི་ཐུ་ཝན་གྱི་འཐབ་འཛིང་པ་ཞིག་ལ“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི”དྲན་གསོའི་རྟགས་མ་སྤྲད་པ།

2019-09-27 17:47:00     来源:     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝིར་ཉིའུ་སི་ནས་ཟླ་9ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་འདིར། ཚེས་23ཉིན། ལི་ཐུ་ཝན་གྱི་ལོ་93ལ་སླེབས་པའི་འཛམ་གླིང་དམག་ཆེན་གཉིས་པའི་འཐབ་འཛིང་པ་རྒན་གྲས་ཤིག་ལ“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི”དྲན་གསོའི་རྟགས་མ་སྤྲད་པ་རེད།

ཚེས་23ཉིན། ལི་ཐུ་ཝན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧྲེན་ཀྲེ་ཧྥེ་ཡིས་ལི་ཐུ་ཝན་གྱི་གྲོང་ཁྱེར་ཆེ་གྲས་གསུམ་པ་ཁེ་ལེ་ཕེ་ཏར་བསྐྱོད་ནས་ཀྲུང་གོ་སྲིད་གཞུང་གི་ཚབ་ཞུས་ཏེ་ཡ་ལི་ཧྲན་ཏ·དབྱི་ཝན་ནུའོ་ཝེ་ཆི·སི་སྨིའར་ནུའོ་ཧྥུའུ་ལ“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི”དྲན་གསོའི་རྟགས་མ་སྤྲད་དེ་ཁོང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པར་ཕུལ་བའི་ལེགས་སྐྱེས་ལ་གཟེངས་བསྟོད་བྱས་པ་རེད།

འཛམ་གླིང་སྐར་ཁུངས།

ཨ་རིས་བོད་འབྲེལ་གནད་དོན་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས།

ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་9ཚེས་19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་

中央广播电视总台 央广网 版权所有