ནེ་པ་ལའི་ཙུང་ཐུང་པན་ཟླ་ལིས་ཝང་དབྱི་དང་མཇལ་འཛོམས་གནང་བ།
སྤེལ་བའི་དུས་ཚོད། : 2019-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཟླ་༩པའི་ཚེས་༩ཉིན། ནེ་པ་ལའི་ཙུང་ཐུང་པན་ཟླ་ལིས་ཀ་སྡེ་མན་ཏུའི་ཙུང་ཐུང་ལས་ཤག་ཏུ་རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི་དང་མཇལ་འཛོམས་གནང་ཡོད། པན་སྡེ་ལིས། ནེ་པ་ལས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་པ་དང་། སྟོབས་ཤུགས་གང་རུང་ཞིག་གིས་ནེ་པ་ལར་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱེད་སྒོ་སྤེལ་རུ་བཅུག་མི་སྲིད་པ་བསྟན་ཡོད། ཁོང་གིས་ད་དུང་། ནེ་པ་ལས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠སོང་རིང་ཐོབ་པའི་གྲུབ་འབྲས་ཆེན་པོར་བརྩི་འཇོག་དང་ཡིད་སྨོན་བྱེད་པ་དང་། ཀྲུང་གོའི་ལེགས་གྲུབ་ལྡན་པའི་གོང་འཕེལ་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་འདོད་ཡོད། ནེ་པ་ལས་ཀྲུའུ་ཞི་ཞི་ཅིང་ཕིང་གིས་བཏོན་གནང་བའི་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོའི་ནང་ཧུར་ཐག་ཞུགས་བཞིན་ཡོད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཧེ་མ་ལ་ཡའི་འབུར་གཟུགས་ཅན་གྱི་མཉམ་སྦྲེལ་མཉམ་མཐུད་ཀྱི་དྲ་སྦྲེལ་འཛུགས་རྒྱུར་སྐུལ་འདེད་ཇེ་མགྱོགས་གཏོང་འདོད་ཡོད། ནེ་པ་ལའི་ཕྱོགས་ནས་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་ཀྲུང་གོའི་དབུ་ཁྲིད་མི་སྣ་ནེ་པ་ལར་འཚམས་འདྲིར་ཕེབས་རྒྱུར་གདན་ཞུ་བྱ་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་མཉམ་ལས་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།