དབྱིན་ཇེའི་གྲོས་ཚོགས་ཁང་གིས་དབུ་བཞུགས་བློན་ཆེན་གྱིས་འདེམས་བསྐོ་ཆེན་པོ་སྔ་སྣུར་གཏོང་དགོས་པའི་གྲོས་འགོར་སླར་ཡང་མོས་མཐུན་བྱས་མེད་པ།
སྤེལ་བའི་དུས་ཚོད། : 2019-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

དབྱིན་ཇེའི་གྲོས་ཚོགས་སྨད་པས་སྤྱི་ཚེས་༡༠ཉིན་གྱི་ཐོ་རེངས་ལ་དབུ་བཞུགས་བློན་ཆེན་ཡོལ་ཧན་ཤུན་གྱིས་སྟོན་པའི་འདེམས་བསྐོ་ཆེན་པོ་སྤྱི་ཟླ་༡༠པའི་ཚེས་༡༥ཉིན་སྔ་སྣུར་དུ་བྱེད་དགོས་པའི་གྲོས་འགོ་སླར་ཡང་ཁྲ་སློག་བཏང་ཡོད། གྲོས་ཚོགས་ཁང་གིས་དེ་རྗེས་དངོས་སུ་དུས་ཡུན་གཟའ་འཁོར་ལྔ་ངལ་གསོ་རྒྱག་རྒྱུ་ཡིན་པ་རེད། ཚེས་༡༠ཉིན་གྱི་ཐོ་རེངས་སུ་འདེམས་ཤོག་མཇུག་འབྲས་ཐོན་པའི་རྗེས། ཡོལ་ཧན་ཤུན་གྱིས། གྲོས་ཚོགས་ཁང་ངལ་གསོ་རྒྱབ་པའི་རིང་སྲིད་གཞུང་གིས་མུ་མཐུད་ཡོ་རོབ་མནའ་འབྲེལ་དང་དབྱེན་འབྱེད་གྲོས་མོལ་བྱས་ཏེ་གྲོས་ཆོད་འཇོག་ཐུབ་པ་བྱེད་རྒྱུ་ཡིན་ལ། དུས་མཚུངས་གྲོས་ཆོད་མེད་པའི་ཐོག་ནས་ཡོ་རོབ་མནའ་བྲེལ་ནས་ཁ་བྲལ་རྒྱུའི་གྲ་སྒྲིག་ཡང་བྱ་རྒྱུ་ཡིན་ཞེས་གསུངས་འདུག ཁོང་གིས་ད་དུང་། རང་ཉིད་ནས་ཡོ་རོབ་མནའ་འབྲེལ་གྱིས་དབྱིན་ཇེ་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི་དུས་ཚོད་སླར་ཡང་ནར་འགྱངས་གཏོང་རྒྱུའི་རེ་བ་བཏོན་མི་སྲིད་པ་བསྟན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།