ཝུ་ཀན་ཏའི་སློབ་གྲྭ་ཆེ་མོ་བ་30ལ་ཀྲུང་གོའི་གཞུང་ཚབ་ཆེ་མོ་བའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་རག་པ།
སྤེལ་བའི་དུས་ཚོད། : 2019-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁམ་ཕ་ལ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར“ཀྲུང་གོའི་གཞུང་ཚབ་ཆེ་མོ་བའི་ཕུལ་བྱུང་སྦྱངས་འབྲས་ལེགས་ཐོན་བྱ་དགའི་དངུལ་དང་མཛའ་གྲོགས་སྦྱངས་འབྲས་ལེགས་ཐོན་བྱ་དགའི་དངུལ”སྤྲོད་པའི་མཛད་སྒོ་ཝུ་ཀན་ཏའི་རྒྱལ་ས་ཁམ་ཕ་ལའི་མའེ་ཁེ་ལེ་ལེ་སློབ་ཆེན་གྱི་ཐོག་ཁང་གཙོ་བོའི་ཚོགས་ཁང་ནང་འཚོགས་པ་རེད། ཝུ་ཀན་ཏར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲེང་ཀྲུའུ་ཆང་གིས་སློབ་གྲྭ་དེའི་སློབ་གྲྭ་ཆེ་མོ་བ་30ལ་ལོ་འཁོར་འདིའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྤྲད་པ་རེད།

ཀྲུང་གོའི་གཞུང་ཚབ་ཆེ་མོ་བའི་སྦྱངས་འབྲས་ལེགས་ཐོན་བྱ་དགའི་དངུལ་གྱིས་མའེ་ཁེ་ལེ་ལེ་སློབ་ཆེན་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་དབུལ་པོར་སློབ་ཡོན་དང་འཚོ་བའི་འགྲོ་གྲོན་སྤྲོད་རྒྱུར་རོགས་རམ་བྱ་རྒྱུ་རེད། ཀྲེང་ཀྲུའུ་ཆང་གིས་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་སློབ་གསོའི་ཁྱབ་ཁོངས་སུ་ཝུ་ཀན་ཏར་རྒྱབ་སྐྱོར་དང་རོགས་རམ་བྱ་རྒྱུ་ཡིན། སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཐོབ་མཁན་སློབ་མས་ཉིན་ཞིག་ཀྲུང་གོར་སློབ་སྦྱོང་བྱེད་པར་བསྐྱོད་ནས་ཀྲུང་གོའི་རིག་གནས་ཤེས་རྟོགས་དེ་བས་མང་བ་བྱས་ཏེ་ཀྲུང་ཝུ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཕོ་ཉ་དང་སྦྲེལ་ཟམ་དུ་གྱུར་བ་མ་ཟད་རྩལ་ནུས་དེ་བས་མང་བ་སྦྱངས་ཏེ་ཝུ་ཀན་ཏའི་སྤྱི་ཚོགས་དང་དཔལ་འབྱོར་ཕྱོགས་སྒྱུར་ཁྲོད་ཧུར་ཐག་ཞུགས་མཁན་ཞིག་བྱེད་པའི་རེ་བ་ཡོད་ཅེས་བརྗོད།

ཝུ་ཀན་ཏར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་2018ལོར“ཀྲུང་གོའི་གཞུང་ཚབ་ཆེ་མོ་བའི་ཕུལ་བྱུང་གི་སྦྱངས་འབྲས་ལེགས་ཐོན་བྱ་དགའི་དངུལ་དང་མཛའ་གྲོགས་ཀྱི་སྦྱངས་འབྲས་ལེགས་ཐོན་བྱ་དགའི་དངུལ”བཙུགས་ནས་ལོ་ལྟར་ཁྱིམ་ཚང་དབུལ་པོ་དང་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་30ལ་རོགས་རམ་བྱས་ཡོད།