རྒྱལ་སྤྱིའི་དཔྱད་གཏམ་འགོ་བརྗོད་དུ་ཐུའེ་ཐེ་དང་ངོ་དེབ་ལ་དངོས་གནས་ངོ་སོ་མི་དགོས་སམ་ཞེས་པ་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-08-22 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཟླ་༨པའི་ཚེས་༢༡ཉིན་རྒྱལ་སྤྱིའི་དཔྱད་གཏམ་འགོ་བརྗོད་དུ་ཐུའེ་ཐེ་དང་ངོ་དེབ་ལ་དངོས་གནས་ངོ་སོ་མི་དགོས་སམ་ཞེས་པ་སྤེལ་ཡོད་པ་རེད། དཔྱད་གཏམ་ནང་། ཨ་རིའི་སྤྱི་ཚོགས་སྨྱན་སྦྱོར་ཐུའེ་ཐེ་དང་ངོ་དེབ་ཀྱིས་ཉེ་དུས་ཁོ་པ་ཚོའི་སྟེགས་བུའི་ཐོག་གི་ཨང་རྟགས་ཆིག་སྟོང་ཙམ་བཀག་སྡོམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ནས། ཨང་རྟགས་དེ་དག་གི་ཐོག་ཤང་ཀང་རྔམ་སྟོན་སྐོར་གྱི་གནས་ཚུལ་རྫུན་མ་སྤེལ་འདུག་ཅེས་བརྗོད་ཀྱི་ཡོད་པ་རེད། དོན་དངོས་ཐོག བཀག་སྡོམ་བྱས་པའི་ཨང་རྟགས་དེ་དག་གིས་ཏག་ཏག་དོན་དངོས་དང་མཐུན་པའི་སྒོ་ནས་ཤང་ཀང་ཟང་ཟིང་བཟོ་མཁན་གྱིས་ཁྲིམས་འཛུགས་གྲོས་ཚོགས་ལ་རྡབ་གསིག་བཟོས་པ་སོགས་ཀྱི་གནས་ཚུལ་ངོ་མ་མཉམ་སྤྱོད་བྱས་པས་ཡིན་པ་རེད།

ཐུའེ་ཐེ་དང་ངོ་དེབ་ཀྱིས་དེ་ལྟ་བུའི་དཀར་ནག་ཕྱིན་ཕྱི་ལྡོག་པ་དང་། ཡིན་མིན་གསལ་འབྱེད་མི་ཤེས་པའི་བག་མེད་ཀྱི་བྱེད་སྟངས་དེ་རིགས་ཀྱི་གཏམ་གླེང་རང་དབང་ཟེར་བའི་ངོ་སྦག་རྫུན་མ་དེ་རྦད་དེ་བཤུས་པ་དང་། དེ་ཉིད་ཤང་ཀང་དྲག་ཤུགས་ཀྱིས་སྤྱི་ཚོགས་ཟང་ཟིང་བཟོ་བའི་ཆབ་སྲིད་སྟོབས་ཤུགས་ཀྱི་ངན་རོགས་ལ་གྱུར་ཡོད།

དཔྱད་གཏམ་ནང་། ཀྲུང་གོ་བ་དུང་ཕྱུར་༡༤ཡིས་ཤང་ཀང་གི་དྲག་ཤུགས་བཀག་འགོག་དང་ཟང་ཟིང་མཚམས་འཇོག་བྱེད་པའི་རང་སྤེལ་སྟོབས་ཤུགས་དང་། ལྷག་པར་དུ་ཀྲུང་གོའི་གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་ཀང་གཅེས་ཀྱི་སྟོབས་ཆེའི་ནང་སྐྱེས་སྟོབས་ཤུགས་ལ་སྣང་ཆུང་བྱ་མི་རུང་། ཟས་ཚོམས་ནང་གི་བུ་མོ་ནས། ཏི་པའི་དྲ་གྲོགས་བར། དེ་ནས་རྒྱ་ཆེའི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མའི་བར། ཀྲུང་གོའི་ན་གཞོན་དྲ་དམངས་ཀྱིས་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་དང་ཤང་ཀང་གི་དྲག་ཤུགས་བཀག་འགོག་དང་ཟང་ཟིང་མཚམས་འཇོག་བྱེད་པར་རྒྱབ་སྐྱོར་བྱེད་པའི་སྐད་སྒྲ་དྲག་ཡོད། ཐུའེ་ཐེ་དང་། ངོ་དེབ་དེ་བཞིན་དེའི་རྒྱབ་ཕྱོགས་ཀྱི་ནགས་གཤེད་སྟོབས་ཤུགས་ཀྱིས། སྔ་ཙམ་ནས་ཤང་ཀང་གི་བྱ་དོན་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་རྒྱུའི་ཁ་ཏ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།