ཀྲུང་གོའི་འཐུས་མིས་དབུས་ཤར་ས་ཁུལ་གྱི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་འབོད་གནང་བ།
སྤེལ་བའི་དུས་ཚོད། : 2019-08-22 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་20ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་ཞུགས་ཀྲུང་གོའི་འཐུས་མི་ཀྲང་ཅུན་གྱིས། དབུས་ཤར་ས་ཁུལ་གྱི་ཚང་མས་དོ་ཁུར་བྱེད་པའི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་འབོད་གནང་ཡོད་པ་དང་། ཁོང་གིས། དབུས་ཤར་ས་ཁུལ་གྱི་ཚང་མས་དོ་ཁུར་བྱེད་པའི་གནད་དོན་ནི་རྙོག་འཛིང་ཆེན་པོ་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདུམ་འགྲིག་བྱེད་པའི་ཐབས་ལམ་གཙོ་བོའི་ནུས་པ་ཐོན་རྒྱུར་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱབ་སྐྱོར་བྱེད་དགོས་པ་དང་། ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་དང་། སྐད་ཆ་ཤོད་རེས་དང་དབྱེ་འབྱེད་གྲོས་མོལ་ལ་སྐུལ་འདེད་གཏོང་བ། དགེ་མཚན་ལྡན་པའི་ངང་གནས་བབས་ལ་དོ་དམ་ཚོད་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཕྱོགས་ཁག་གི་ལུགས་མཐུན་ཁེ་དབང་ལ་ལྟ་རྟོག་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱེད་དགོས་ཞེས་བསྟན་གནང་ཡོད། ཀྲང་ཅུན་དབུས་ཤར་གྱི་ཞི་བདེ་དང་བདེ་འཇགས་ལ་འཕྲད་པའི་འགྲན་རྩོད་ཅེས་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་མཐོ་རིམ་རྩོད་གླེང་ལ་ཞུགས་སྐབས། དབུས་ཤར་གྱི་ཞི་བདེ་དང་བདེ་འཇགས་ནི་ས་ཁུལ་རྒྱལ་ཁབ་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་མ་ཟད། འཛམ་གླིང་ཧྲིལ་པོའི་བརྟན་ལྷིང་དང་གོང་འཕེལ་དང་འབྲེལ་བ་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་ཚད་མཐོའི་དོ་ཁུར་བྱེད་ཀྱི་ཡོད་པ་དང་། ཐོག་མཐའ་བར་གསུམ་དུ་དོན་དངོས་དང་དྲང་བདེན་གྱི་ལངས་ཕྱོགས་འཛིན་གྱི་ཡོད་ལ། ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་གསར་པ་འཛུགས་པ་དང་། འགྲོ་བ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་སྐྲུན་རྒྱུའི་གྲོས་འགོ་ཧུར་ཐག་འདོན་གྱི་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས།