འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞིའི་ལས་ཚབ་ཅུན་པེའར་གྱིས། ཀྲུང་གོར་འཚམས་འདྲི་ཞུ་རེས་བཞིན་གྲུབ་འབྲས་གསར་པ་ཡོང་གི་འདུག་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-08-22 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༢༡ཉིན་འཇར་མན་སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞིའི་ལས་ཚབ་ཅུན་པེའར་གྱིས། ཀྲུང་གོར་འཚམས་འདྲིར་ཡོང་རེས་བཞིན་ང་ལ་ངོས་འཛིན་གསར་པ་དང་གྲུབ་འབྲས་གསར་པ་ཡོང་གི་འདུག་ཅེས་གསུངས་ཀྱི་ཡོད་པ་དང་། ཅུན་པེའར་གྱིས་ཀྲུང་གོས་དབུལ་ཕོངས་ཉུང་གཏོང་ཐད་འབད་བརྩོན་བྱས་པ་དང་དེ་བཞིན་འཛམ་གླིང་ལ་ལེགས་སྐྱེས་ཕུལ་བར་ཚད་མཐོའི་གདེང་འཇོག་གནང་གི་ཡོད་པ་དང་། ཁོང་གིས། ཀྲུང་གོས་རང་ཉིད་ཀྱི་འབད་བརྩོན་བརྒྱུད་མི་ཁྲི་སྟོང་མང་པོའི་ལྟོ་གོས་གནད་དོན་ཐག་གཅོད་བྱས་ཡོད། དེ་ནི་ཧ་ལས་དགོས་པའི་གྲུབ་འབྲས་ཞིག་རེད་ཅེས་བསྟན་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40སོང་ཚུན། ཀྲུང་གོའི་དབུལ་ཕོངས་མི་འབོར་དུང་ཕྱུར་7.4ཙམ་དབུལ་གྲོལ་ཐུབ་ཡོད་པས། འཛམ་གླིང་དངུལ་ཁང་གིས་དེ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་མྱུར་ཚད་མགྱོགས་ཤོས་ཀྱི་གཞི་ཁྱོན་ཆེ་བའི་དབུལ་གྲོལ་ཞིག་རེད་ཅེས་བརྗོད་ཀྱི་ཡོད། ཅུན་པེའར་གྱིས། ཀྲུང་གོ་དང་ཡོ་རབ་དེ་ཉིད་ཤུགས་རྐྱེན་ནུས་པ་ལྡན་པའི་སྒུལ་ཤུགས་འཕྲུ་འཁོར་ལྟ་བུར་འགྱུར་རྒྱུ་དང་། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་ཆེད་སྒུལ་ནུས་པ་གསར་པ་ཟམ་མི་ཆད་པ་འཁོ་འདོན་བྱས་ཏེ། མཉམ་ལས་འདུན་པ་དེ་དངོས་དངོས་བྱིན་བྱིན་གྱི་ཐུན་མོང་བྱ་སྤྱོད་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་དངོས་སྐྲུན་རྒྱུ་རེད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས།