ཕོ་བྲང་དཀར་པོས་ཁྲལ་བསྡུ་ཉུང་དུ་བཏང་ནས། དཔལ་འབྱོར་ཉམས་རྒྱུད་འགྲོ་རྒྱུར་བཀག་འགོག་བྱེད་པའི་བསམ་གཞིགས་བྱེད་པ།
སྤེལ་བའི་དུས་ཚོད། : 2019-08-22 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་20ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས། ཕོ་བྲང་དཀར་པོས་གླ་ཕོགས་དཔྱ་ཁྲལ་དང་མ་རྩའི་ཁེ་སྤོགས་དཔྱ་ཁྲལ་ཉུང་དུ་གཏོང་བ་སོགས་ཚུད་པའི་ཁྲལ་བསྡུ་ཉུང་དུ་གཏོང་བའི་བྱ་ཐབས་མང་པོར་བསམ་གཞིགས་བྱེད་བཞིན་ཡོད་པའི་ཁས་ལེན་བྱས་ཡོད། དབྱེ་ཞིབ་མི་སྣས། ཉེ་ཆར་ཨ་རིའི་དངུལ་རྩའི་ཁྲོམ་རས་དཔལ་འབྱོར་ཉམས་རྒྱུད་དུ་འགྲོ་བའི་སྔོན་བརྡ་ཡང་སེ་བཏང་ཡོད་པས། ཕོ་བྲང་དཀར་པོའི་བྱེད་སྟངས་དེ་ནི་དཔལ་འབྱོར་འཕར་སྣོན་སླར་གསོ་བྱེད་པ་དང་། ཨ་རིའི་དཔལ་འབྱོར་ཉམས་རྒྱུད་དུ་འགྲོ་རྒྱུར་བཀག་འགོག་བྱེད་ཆེད་ཡིན། ཨ་རིའི་སྒེར་གྱི་མཛད་སྤྱོད་གཏོང་སྒོ་དེས་དཔལ་འབྱོར་སྤྱི་འབོར་གྱི་བརྒྱ་ཆ་70ཟིན་གྱི་ཡོད་པ་དང་། དེ་ནི་ཨ་རིའི་དཔལ་འབྱོར་འཕར་སྣོན་ལ་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོ་ཡིན་པ་རེད། གླ་ཕོགས་དཔྱ་ཁྲལ་ཉུང་དུ་གཏོང་བའི་དམིགས་ཡུལ་ནི་མཛད་སྤྱོད་པའི་བཀོད་གཏོང་ཆོག་པའི་ཡོང་འབབ་མང་དུ་གཏོང་བ་དང་། དཔལ་འབྱོར་ཐད་མཛད་སྤྱོད་ནུས་པ་ཤུགས་ཆེར་གཏོང་ཆེད་ཡིན་པའི་ངོས་འཛིན་གནང་ཡོད་པ་རེད། ཐེ་རོན་ཕུས་ཉིན་དེ་གར་ད་དུང་། ཁོང་ནས་རྒྱལ་ཚོགས་ནས་ཆོག་མཆན་སྤྲོད་མི་དགོས་པར། མ་རྩའི་ཁེ་སྤོགས་དཔྱ་ཁྲལ་དང་དངུལ་ལོར་འགྲེམ་ཐལ་ཤོར་བ་འབྲེལ་བ་བྱེད་ཆོག་གི་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས།