ཨུ་རུ་སུའི་རྒྱལ་སྲུང་པུའུ་ཀྲང་གིས། ཨུ་རུ་སུས་བྱ་ཐབས་བཟུང་ནས་ནུབ་རྒྱུད་འཐབ་ཇུས་ཁ་ཕྱོགས་གི་ཛ་དྲག་གནས་བབས་ལ་ཁ་གཏད་བཅོག་རྒྱུ་ཡིན་ཞེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-08-22 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༢༡ཉིན་ཨུ་རུ་སུའི་རྒྱལ་སྲུང་པུས་གསལ་བསྒྲགས་སྤེལ་ནས། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཀྲང་ཧྲའོ་དབྱི་གུས། ཨུ་རུ་སུས་བྱ་ཐབས་རབ་དང་རིམ་པ་བཟུང་ནས་ནུབ་རྒྱུད་འཐབ་ཇུས་ཁ་ཕྱོགས་ཀྱི་ཛ་དྲག་གནས་བབས་ལ་ཁ་གཏད་བཅོག་རྒྱུ་ཡིན་ཞེས་གསུངས་ཡོད་ཅེས་བསྟན་ཡོད། ཧྲའོ་དབྱི་གུས་ཉིན་དེ་གར། མིག་སྔར་ནུབ་རྒྱུད་འཐབ་ཇུས་ཁ་ཕྱོགས་ཀྱི་ཆབ་སྲིད་དམག་དོན་གནས་བབ་སྔར་བཞིན་ཛ་དྲག་པོ་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས།