མ་ཏུ་ལོས་ཝེ་ནེ་ཙུའེ་ལའི་སྲིད་གཞུང་གིས་ཨ་རི་དང་ཐུག་འཕྲད་རྒྱུན་འཁྱོངས་བྱས་ཡོད་པའི་ར་སྤྲོད་བྱས་པ།
སྤེལ་བའི་དུས་ཚོད། : 2019-08-22 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་20ཉིན་གྱི་དགོང་མོ་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མ་ཏུ་ལོས་བརྙན་འཕྲིན་གསུངས་བཤད་གནང་སྐབས། ཝེ་ནེ་ཙུའེ་ལའི་སྲིད་གཞུང་གིས་ཨ་རིའི་སྲིད་གཞུང་གི་མཐོ་རིམ་འཐུས་མི་དང་ཟླ་བ་ཁ་ཤས་ཀྱི་འབྲེལ་བ་རྒྱུན་འཁྱོངས་བྱས་ཡོད་པའི་ར་སྤྲོད་བྱས་ཡོད། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཉིན་དེ་གའི་སྔ་ཙམ་སྐབས་སུ་གསར་འགོད་པས་བཏོན་པའི་དྲི་བར་ལན་སྐྱོན་སྐབས། ཨ་རིའི་སྲིད་གཞུང་གིས་ཝེ་ནེ་ཙུའེ་ལའི་སྲིད་གཞུང་གི་མཐོ་རིམ་སྐུ་ཚབ་མང་པོ་དང་སྐད་ཆ་ཤོད་རེས་བྱས་ཡོད་ཅེས་བསྟན་ཡོད། འོན་ཀྱང་ཁོང་ཚོ་སུ་ཡིན་མིན་གསལ་པོ་བརྗོད་མེད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས།