ལྷོ་ཁོ་རེ་ཡའི་སྨྱན་སྦྱོར་ལས་རིགས་ཀྱིས་ཅིན་ཀྲེང་ཨེན་གྱིས་ཐེ་རོན་ཕུར་ཡེ་གེ་བསྐུར་ནས་ལྷོ་ཁོ་རེ་ཡ་དང་ཨ་རིའི་དམག་དོན་སྦྱོང་བརྡར་མཇུག་སྒྲིལ་རྗེས་གྲོས་མོལ་སླར་གསོ་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-08-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ལྷོ་ཁོ་རེ་ཡའི་ཆ་འཕྲིན་མི་སྣས། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་༨པའི་ཚེས་༩ཉིན་གསལ་བསྒྲགས་བྱས་པའི་བྱང་ཁོ་རེ་ཡའི་ཆེས་མཐོའི་འགོ་ཁྲིད་མི་སྣ་ཅིན་ཀྲེང་ཨེན་སྐུ་ངོ་མས་བྲིས་པའི་ཡི་གེ་དེ། ཨ་རིའི་མཐོ་རིམ་དཔོན་རིགས་ཀྱིས་པན་མེན་ཏན་དུ་བྱང་ཁོ་རེ་ཡའི་མི་སྣའི་ལག་ནས་ཐད་ཀར་བླངས་པའི་ཡི་གེ་ཞིག་ཡིན་པ་དང་། ཡི་གེའི་ནང་། ལྷོ་ཁོ་རེ་ཡའི་ཕྱོགས་ནས། ལྷོ་ཁོ་རེ་ཡ་དང་ཨ་རིའི་དམག་དོན་སྦྱོང་བརྡར་མཇུག་སྒྲིལ་རྗེས་གྲོས་མོལ་སླར་གསོ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པའི་ལངས་ཕྱོགས་གསལ་སྟོན་བྱས་ཡོད།

སྤྱི་ཟླ་༨པའི་ཚེས་༡༠ཉིན། ཐེ་རོན་ཕུས་ཐུའེ་ཐེ་སྨྱན་སྦྱོར་བརྒྱུད་ཅིན་ཀྲེང་ཨེན་ནས་ལྷོ་ཁོ་རེ་ཡ་དང་ཨ་རིའི་དམག་དོན་སྦྱོང་བརྡར་མཇུག་སྒྲིལ་རྗེས་གྲོས་མོལ་སླར་གསོ་བྱ་རྒྱུའི་ལངས་ཕྱོགས་འཛིན་གྱི་ཡོད་པ་ཡོངས་བསྒྲགས་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།