ཨ་རི་དང་ཨ་ཧྥུ་ཀེ་ནི་སི་ཐན། ཐ་ལི་པན་གྱི་རེས་འཁོར་བརྒྱད་པའི་དབྱེ་འབྱེད་གྲོས་མོལ་མཇུག་སྒྲིལ་བ།
སྤེལ་བའི་དུས་ཚོད། : 2019-08-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཨ་རི་དང་ཨ་ཧྥུ་ཀེ་ནི་སི་ཐན། ཐ་ལི་པན་བཅས་ཀྱིས་ཁ་ཐར་གྱི་རྒྱལ་ས་ཏོ་ཧར་རུ་བྱས་པའི་རེས་འཁོར་བརྒྱད་པའི་དབྱེ་འབྱེད་གྲོས་མོལ་དེ་སྤྱི་ཚེས་༡༢ཉིན་མཇུག་སྒྲིལ་བ་དང་། ཕྱོགས་གཉིས་པོའི་བར་ཨ་ཧྥུ་ཀེ་ནི་སི་ཐན་གྱི་གནད་དོན་ཐད་མཐའ་མའི་གྲོས་མཐུན་འཇོག་ཐུབ་མེད་རུང་། དབྱེ་འབྱེད་གྲོས་མོལ་ལ་གྲུབ་འབྲས་ཐོབ་བྱུང་ཞེས་བསྟན་ཡོད་པ་རེད།

ཨ་རིའི་སྲིད་གཞུང་གི་ཨ་ཧྥུ་ཀེ་ནི་སི་ཐན་འདུམ་སྒྲིག་བྱ་དོན་གྱི་དམིགས་བསལ་སྐུ་ཚབ་ཧ་ལི་ལེ་ཀྲ་ཏེས་སྤྱི་ཚེས་༡༢ཉིན་སྤྱི་ཚོགས་སྨྱན་སྦྱོར་ཐོག དབྱེ་འབྱེད་གྲོས་མོལ་ལ་གྲུབ་འབྲས་ཐོབ་བྱུང་ཞེས་བཤད་ཡོད་པ་རེད། ཡིན་ནའང་ཁོང་གིས་དབྱེ་འབྱེད་གྲོས་མོལ་གྱི་ཕྱོགས་གང་ཞིག་གི་ཐད་གྲུབ་འབྲས་ཐོབ་པར་ཟུར་གསལ་བྱས་མེད་པ་རེད།

ཨ་ཧྥུ་ཀེ་ནི་སི་ཐན་ཐ་ལི་པན་གྱི་མགྲིན་ཚབ་པ་མུ་ཅ་ཞི་ཏེས་ཉིན་དེར་སྤྱི་ཚོགས་སྨྱན་སྦྱོར་ཐོག རེས་འཁོར་བརྒྱད་པའི་དབྱེ་འབྱེད་གྲོས་མོལ་དེ་དཀའ་ཚེགས་ཆེ་ཞིང་གྲུབ་འབྲས་ཀྱིས་ཕྱུག་པ་ཞིག་ཡིན། ཕྱོགས་གཉིས་པོའི་དབྱེ་འབྱེད་གྲོས་མོལ་གྱི་སྐུ་ཚབ་ཀྱིས་རང་སོའི་འགོ་ཁྲིད་མི་སྣར་སྙན་གསེང་ཞུས་ནས། ཕྱིས་འབྱུང་གི་བརྒྱུད་རིམ་གཏན་འཁེལ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་དབང་།