ལྷོ་ཁོ་རེ་ཡའི་སྲིད་གཞུང་གིས་ལྗར་པན་དེ་ཉིད་ཉོ་ཚོང་གི་རྩིས་ཐོ་དཀར་པོའི་ནང་ནས་ཕྱིར་འབུད་བྱ་རྒྱུའི་གཏན་འབེབས་བྱས་པ།
སྤེལ་བའི་དུས་ཚོད། : 2019-08-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་༨ཚེས་༢ཉིན། ལྗར་པན་སྲིད་གཞུང་གིས་ལྷོ་ཁོ་རི་ཡ་དེ་ཉིད་ཉོ་ཚོང་སྟབས་བདེ་ལོངས་སྤྱོད་ཐུབ་པའི་རྩིས་ཐོ་དཀར་པོའི་ནང་ནས་ཕྱིར་འབུད་བྱས་ཡོད། སྤྱི་ཚེས་༡༢ཉིན། ལྷོ་ཁོ་རེ་ཡའི་སྲིད་གཞུང་གིས་ངོ་རྒོལ་གྱི་སྲིད་ཇུས་བཟུང་ནས། ལྗར་པན་དེ་ཉིད་རང་རྒྱལ་ཁབ་ཀྱི་མིང་ཐོ་དཀར་པོའི་ནང་ནས་ཕྱིར་འབུད་བྱས་ཡོད་པ་རེད། བསམ་འཆར་སྐོང་བསྡུ་ཡང་དུས་མཚམས་རྗེས་ཀྱི་ཉིན་ཉིས་ཤུའི་རྗེས། སྒྲིག་སྲོལ་གསར་པའི་འཆར་གཞི་དེ་སྤྱི་ཟླ་༩པ་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

ལྷོ་ཁོ་རེ་ཡའི་སྲིད་གཞུང་གིས་སྤྱི་ཟླ་༨ཚེས་༡༢ཉིན། སྤྱི་ཟླ་༩པ་ནས་འགོ་ཚུགས་ཏེ། ལྗར་པན་དེ་ཉིད་ཕྱིར་གཏོང་དོ་དམ་གཟིགས་སྐྱོང་རྒྱལ་ཁབ་ཀྱི་མིང་ཐོ་དཀར་པོའི་ནང་ནས་ཕྱིར་འབུད་བྱ་རྒྱུ་ཡིན་པ་མ་ཟད། ལྗར་པན་དེ་ཉིད་ཀྱང་ཉོ་ཚོང་རོགས་པའི་མིང་ཐོའི་ནང་ནས་རིམ་པ་གཅོག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་རེད། ལྷོ་ཁོ་རེ་ཡའི་མཉམ་འབྲེལ་གསར་འགྱུར་ཁང་གིས། ལྷོ་ཁོ་རི་ཡའི་ཕྱོགས་ནས་དེ་ནི་རྒྱུན་རྣམ་རང་བཞིན་གྱི་ཕྱིར་གཏོང་དོ་དམ་སྒྲིག་གཞིའི་ནང་གི་ཆ་ཤས་ཤིག་ཡིན་ན་ཡང་། དོན་དངོས་ཐོག དེ་ནི་ལྷོ་ཁོ་རེ་ཡས་ལྗར་པན་ཉོ་ཚོང་གཟིགས་སྐྱོང་རྒྱལ་ཁབ་ཀྱི་མིང་ཐོ་དཀར་པོའི་ནང་ནས་ཕྱིར་འབུད་བྱེད་ཆེད་བཟུང་བའི་འགྲན་རྒོལ་གྱི་བྱ་ཐབས་ཞིག་ཡིན་ཞེས་ཡོངས་བསྒྲགས་བྱས་ཡོད།

ལྷོ་ཁོ་རེ་ཡའི་ཙུང་ལི་ལི་ལོ་ཡོན་གྱིས་ཡོངས་བསྒྲགས་ཐོག ལྗར་པན་གྱིས་ལྷོ་ཁོ་རི་ཡར་བཟུང་བའི་ཉོ་ཚོང་ཚད་བཀག་བྱ་ཐབས་དེ་མ་མཐའི་ཚད་གཞི་ནས་བརྒལ་ཡོད། ལྗར་པན་གྱི་བྱ་སྤྱོད་རབ་དང་རིམ་པས་ཨ་རི་དང་ལྗར་པན་ ལྷོ་ཁོ་རེ་ཡ་བཅས་ཀྱི་བདེ་སྲུང་མཉམ་ལས་གཡོ་འགུལ་ཐེབས་རྒྱུ་རེད་ཅེས་བསྟན་འདུག

ཀྲུང་གོའི་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཡང་ཞི་ཡུས་ཀྱིས་དབྱེ་ཞིབ་བྱས་པར། ལྗར་པན་དང་ལྷོ་ཁོ་རེ་ཡའི་དབར་ཕན་ཚུན་དགྲ་འཛིན་བྱེད་རེད་བྱས་པ་དེའི་ཐོག་ནས་ཕྱོགས་གཉིས་པོའི་བར་ལོ་རྒྱུས་ཀྱི་རྩོད་གཞིའི་འགན་ཟླ་དེ་ཉོ་ཚོང་ཁྱབ་ཁོངས་ནང་རྒྱ་བསྐྱེད་སོང་བ་མ་ཚད། ལྗར་པན་དང་ལྷོ་ཁོ་རེ་ཡའི་ཕྱོགས་གཉིས་འབྲེལ་བ་སྤྱི་ཡོངས་ནས་དུས་རིམ་༦༠པ་ནས་བཟུང་གི་དུས་སྐབས་སྡུག་ཤོས་སུ་ལྷུངས་ནས། བདེ་འཇགས་མཉམ་ལས་ཁྱབ་ཁོངས་སུ་ཁྱབ་ཚུལ་མངོན་གྱི་ཡོད། ཉོ་ཚོང་འཁྲུག་རྩོད་རིམ་འཕར་བྱེད་པའི་ནང་། གཏན་འཁེལ་མེད་པའི་གོ་ལ་ཧྲིལ་པོའི་མཁོ་སྤྲོད་འབྲེལ་ཐག་དང་གོ་ལ་ཧྲིལ་པོའི་རིན་ཐང་འབྲེལ་ཐག་ལ་ཡང་བསྐྱར་འགྱུར་ལྡོག་གཏོང་རྒྱུ་ཡིན་པ་རེད་ཅེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་དབང་།