མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡེ་མན་གྱི་ཡ་ཏིང་གདོང་གཏུག་ཁྲོད་མི་300ཤི་རྨས་བྱུང་ཡོད་ཅེས་བཤད་པ།
སྤེལ་བའི་དུས་ཚོད། : 2019-08-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཡེ་མན་ལ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་བྱ་དོན་གྱི་མཐུན་སྦྱོར་པ་ཀེ་ལན་ཏེས་སྤྱི་ཚེས་11ཉིན་གསལ་བསྒྲགས་སྤེལ་ནས། སྤྱི་ཚེས་8ཉིན་ཡེ་མན་གྱི་གནས་སྐབས་རྒྱལ་ས་ཡ་ཏིང་དུ་དྲག་ཤུགས་གདོང་གཏུག་རིམ་འཕར་བྱུང་ཚུན། མི་40གདོང་གཏུག་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་མི་260ལ་རྨས་སྐྱོན་ཕོག་ཡོད་ཅེས་བཤད་ཡོད་པ་རེད།

ཀེ་ལན་ཏེས་གདོང་གཏུག་ཕྱོགས་ཁག་གིས་རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་སྲུང་ཞུས་ཏེ། ཡེ་མན་མི་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུའི་རེ་འབོད་བྱས་ཡོད་པ་དང་། ཁོང་གིས། མི་ཆོས་རིང་ལུགས་སྒྲིག་འཛུགས་ཀྱིས་མུ་མཐུད་མང་ཚོགས་ལ་རོགས་རམ་བྱ་རྒྱུ་མ་ཟད་སྨན་བཅོས་རུ་ཁག་མངག་གཏོང་བྱས་ནས་རྨས་མ་སྐྱོབ་བཅོས་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།