ཏོ་སྨི་ནི་ཁའི་ཙུང་ཐུང་མེ་ཏི་ནས་ཀྲུང་གུང་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ།
སྤེལ་བའི་དུས་ཚོད། : 2019-08-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་8པའི་ཚེས་9ཉིན། ཏོ་སྨི་ནི་ཁའི་ཙུང་ཐུང་མེ་ཏི་ནས་ཙུང་ཐུང་ལས་ཤག་ཏུ་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་གཞོན་པ་ལི་ཅུན་གྱིས་སྣེ་ཁྲིད་པའི་ཀྲུང་གུང་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་ཡོད་པ་རེད།

མེ་ཏི་ནས་ཏོ་ཀྲུང་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་གཅིག་ལྷག་སོང་ཚུན་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་། ཕྱོགས་མང་པོས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ཞུ་བ་དང་། ཏོ་ཀྲུང་ཏང་དང་ཏང་བར་གྱི་འགྲོ་འོང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་ཡིན་པའི་ནན་བཤད་གནང་ཡོད་པ་རེད།

ལི་ཅུན་གྱིས། ཀྲུང་གོའི་ཕྱོགས་ནས་ཏོ་སྨི་ནི་ཁའི་ཕྱོགས་བར་རྒྱལ་ཁབ་གཉིས་པོའི་གཙོ་བདག་བར་བྱུང་བའི་གལ་ཆེའི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱེད་པ་དང་། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཀྲུང་ཏོའི་འབྲེལ་བ་བརྟན་པོ་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

འཚམས་འདྲི་ཞུ་རིང་། ལི་ཅུན་གྱིས་ད་དུང་རྒྱལ་ཁབ་དེའི་སྲིད་མི་འཛིན་མཁན་གྱི་སྲིད་ཏང་གཙོ་བོའི་འགོ་ཁྲིད་པ་དང་མཇལ་འཛོམས་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།