རྒྱལ་ཁབ་མང་པོའི་དཔོན་རིགས་ཀྱིས་ཤེས་དཔལ་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུ་གལ་ཆེན་པོ་ཡིན་ཞེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-05-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨེ་ཤ་ཡའི་ཤེས་དཔལ་སྤེལ་རེས་ཚོགས་ཆེན་སྐོང་འཚོགས་བྱས་པའི་སྔ་ནུར་དུ། རྒྱལ་ཁབ་མང་པོའི་དཔོན་རིགས་དང་དེ་སྔའི་སྲིད་དོན་དཔོན་རིགས་མང་པོས། མིག་སྔའི་རྒྱལ་སྤྱིའི་གནས་བབ་འོག ཨེ་ཤ་ཡ་ཤེས་དཔལ་སྤེལ་རེས་ཀྱི་ཚོགས་ཆེན་འཚོགས་པ་དེས་རྒྱལ་ཁབ་མི་འདྲ་བ་དང་། ཤེས་དཔལ་མི་འདྲ་བའི་བར་གྱི་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ། ཕན་ཚུན་ཁོག་ཡངས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཞེས་གསུངས་འདུག

ཨ་རབ་ཚོ་དཔོན་རྒྱལ་ཁབ་སློབ་གསོ་པུའི་ལས་རོགས་དཔོན་གཞོན་པ་ཧ་མ་ཏེས། ཨེ་ཤ་ཡའི་ཤེས་དཔལ་སྤེལ་རེས་ཀྱི་ཚོགས་ཆེན་དེས་རིག་གནས་དང་མི་རིགས་མི་འདྲ་བའི་བར་གྱི་གོང་འཕེལ་སྔར་ལས་ལྷག་པའི་སྒོ་ནས་སྐུལ་འདེད་གཏོང་ཐུབ་ལ། སྤེལ་རེས་དང་སྐད་ཆ་ཤོས་རེད་བྱེད་པ་ཡིས་མི་རིགས་མི་འདྲ་བ་དང་། ཆོས་ལུགས་རིག་གནས་མི་འདྲ་བའི་ཁོག་ཡངས་དང་བརྩི་འཇོག་ལ་སྐུལ་འདེད་གཏོང་ཐུབ།

ཝེ་ཨེན་ནའི་མངའ་སྡེའི་འགོ་འཛིན་མ་ཀེ་ལེ་ཐེས། ཨེ་ཤ་ཡའི་ཤེས་དཔལ་ཕན་ཚུན་མཉམ་བསྲེས་དང་། ཞི་མཐུན་མཉམ་གནས་ཡིན་ཞིང་། ཨེ་ཤ་ཡའི་ཤེས་དཔལ་སྤེལ་རེས་ཚོགས་ཆེན་གྱིས་ཕན་ཚུན་བར་གྱི་འགྲོ་འོང་དང་རྒྱུད་མངའ་ཆེ་རུ་གཏོང་རྒྱུར་སྟེགས་བུ་ཞིག་བསྐྲུན་ཡོད་ཅེས་གསུངས་འདུག

སི་རི་ཡའི་རིག་གནས་པུའི་པུའུ་ཀྲང་གཞོན་པ་དབྱི་མ་མུས། ཀྲུང་གོ་དེ་ཉིད་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས། འཛམ་གླིང་གི་ངོས་ནས་བརྗོད་ཚེ་དཔལ་འབྱོར་དང་། རིག་གནས། ཆབ་སྲིད་བཅས་ཀྱི་ཐད་གནས་བབ་གལ་ཆེན་བཟུང་ཡོད། དེར་བརྟེན་དེ་ལྟ་བུའི་གྲོས་ཚོགས་དང་སྐད་ཆ་ཤོས་རེད་བྱས་པ་བརྒྱུད། རྒྱལ་ཁབ་ཁག་གི་ལྟ་བ་དེ་བས་ཉེ་པོ་ཡོང་བ་དང་། འཛམ་གླིང་རྒྱལ་ཁབ་ཁག་ལ་དེ་བས་འོད་སྣང་ལྡན་པའི་འབྱུང་འགྱུར་ཞིག་བསྐྲུན་པའི་ནུས་པ་ཡོད་ཅེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།