ཡང་ཅེ་ཁྲེས་ལྗར་པན་ལ་འཚམས་འདྲི་ཞུ་རྒྱུ་མ་ཟད་ཀྲུང་ལྗར་ཐེངས་དྲུག་པའི་མཐོ་རིམ་རིམ་པའི་ཆབ་སྲིད་ཀྱི་སྐད་ཆ་ཤོད་རེས་ལ་ཞུགས་རྒྱུ་ཡིན་པ།
སྤེལ་བའི་དུས་ཚོད། : 2019-05-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

 ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ལྗར་པན་རྒྱལ་ཁབ་བདེ་འཇགས་འགན་སྲུང་ཅུས་ཀྱི་ཅུས་ཀྲང་ཀུའུ་ནའེ་ཀྲང་ཐའེ་ལེང་གིས་གདན་ཞུས་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་ཕྱོག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་ཡང་ཅེ་ཁྲེས་སྤྱི་ཚེས་༡༦ཉིན་ནས་༡༨ཉིན་བར་ལྗར་པན་ལ་འཚམས་འདྲི་ཞུ་རྒྱུ་མ་ཟད། ཀུའུ་ནའེ་ཀྲེང་ཐའེ་ལེང་དང་ཐེངས་དྲུག་པའི་ཀྲུང་ལྗར་མཐོ་རིམ་རིམ་པའི་ཆབ་སྲིད་ཀྱི་སྐད་ཆ་བཤོད་རེས་བྱ་རྒྱུ་ཡིན་པ་རེད། ད་ཐེངས་ནི་ཕྱོགས་གཉིས་པོས་གྲོས་གཏན་འཁེལ་བའི་ལོ་འཁོར་མོའི་གྲོས་མོལ་གྱི་འཆར་འགོད་ཐད་ལ་སྐད་ཆ་ཤོད་རེས་བྱ་རྒྱུ་ཡིན་པ་དང་། སྐབས་འདིར་ཀྲུང་ལྗར་འབྲེལ་བ་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་བཞིན་པའི་གནད་དོན་ཐད་ལ་དགོངས་འཆར་བརྗེ་རེས་གནང་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།