མཉམ་འབྲེལ་རྒྱལ་ཚོགས་དཔོན་རིགས་ཀྱིས་ཕྱོགས་ཁག་གིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀ་ཧྲ་རྒྱུད་ཀྱི་གནས་བབ་ལ་ལེགས་བཅོས་གཏོང་དགོས་པའི་འབོད་སྐུལ་བྱས་པ།
སྤེལ་བའི་དུས་ཚོད། : 2019-05-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༣ཉིན་མཉམ་འབྲེལ་རྒྱལ་ཚོགས་དབུས་ཤར་ཞི་བདེའི་འཕེལ་རིམ་གྱི་དམིགས་བསལ་མཐུན་སྦྱོར་པ་ཉི་ཀུ་ལ•མུའུ་ལ་ཏེ་ནུའོ་ཕུ་ཡིས་ཀ་ཧྲ་རྒྱུད་དུ་འབྲེལ་ཡོད་ཕྱོགས་ཁག་གིས་འབད་བརྩོན་གང་དྲག་བྱས་ཏེ་མིག་སྔའི་དམག་མཚམས་བཞག་པའི་གནས་བབ་སྲ་བརྟན་དུ་གཏོང་རྒྱུ་དང་ཀ་ཧྲ་རྒྱུད་ཀྱི་གནས་བབ་ལ་ལེགས་བཅོས་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད། མུའུ་ལ་ཏེ་ནུའོ་ཕུ་ཡིས། ཕ་ལེ་སི་ཐན་མི་རིགས་དབང་ཆའི་ལས་ཁུངས་དང་ཨེ་ཅེབ། དེ་བཞིན་དུ་དབྱི་སི་རལ་ཚུད་པའི་ང་ཚོ་ཚང་མས་མཉམ་ལས་བྱས་ནས། ཀ་ཧྲ་རྒྱུད་ཀྱི་ཕ་ལེ་སི་ཐན་བའི་འཚོ་བར་ལེགས་བཅོས་བྱེད་དགོས་པ་དང་། ཁོ་ཚོས་འབྱུང་འགྱུར་ལ་དེ་བས་ཆེ་བའི་རེ་བ་འཆང་དུ་འཇུག་དགོས་ཞེས་གསུངས་པ་རེད།

མུའུ་ལ་ཏི་ནུའོ་ཕུ་ཡིས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀ་ཧྲ་རྒྱུད་ཀྱི་གྲོང་མིའི་དཀའ་གནད་ཞི་ལྷོད་དུ་གཏོང་རྒྱུའི་ཐད་བསྒྲུབ་པའི་ལས་དོན་གྱི་འགོ་ཡག་པོ་ཚུགས་ཡོད་པ་མ་ཟད། མུ་མཐུད་དེ་ཕྱོགས་ཁག་དང་ལྷན་དུ་འབད་བརྩོན་བྱས་ནས་གནས་བབ་རྒྱུན་མཐུད་ཞི་འཇགས་ཡོང་བ་བྱས་ཏེ། མི་ཆོས་རིང་ལུགས་ཀྱི་རྣམ་གྲངས་ཡོད་ཚད་ལག་ལེན་ཐུབ་རྒྱུར་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།