སི་ལི་ལན་ཁས་རྒྱལ་ཡོངས་ཁྱབ་ཁོངས་ནང་དུ་མཚན་འགྲུལ་བཀག་སྡོམ་བྱས་པ།
སྤེལ་བའི་དུས་ཚོད། : 2019-05-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༣ཉིན་གྱི་དགོང་མོ་སི་ལི་ལན་ཁའི་ཉེན་རྟོག་པའི་ཕྱོགས་ནས་གསལ་བསྒྲགས་སྤེལ་ཏེ། སི་ལི་ལན་ཁའི་ས་ཁུལ་འགའ་ཤས་སུ་དྲག་ཤུགས་དོན་རྐྱེན་ཐོན་པའི་དབང་གིས། ས་གནས་དེ་གའི་ཉིན་དེའི་དགོང་མོའི་ཆུ་ཚོད་༩པ་ནས་སྤྱི་ཚེས་༡༤ཉིན་གྱི་ཐོ་རེངས་ཆུ་ཚོད་༤པའི་བར་རྒྱལ་ཡོངས་ཁྱབ་ཁོངས་ནང་དུ་མཚན་འགྲུལ་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད། སི་ལི་ལན་ཁའི་སྨྱན་སྦྱོར་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་དེའི་སྔ་ཙམ་ཞིག་ལ་སི་ལི་ལན་ཁའི་ནུབ་བྱང་མངའ་སྡེའི་ཁུའུ་ལུའུ་ནའེ་ཀེ་ལེ་ས་ཁུལ་དུ་དྲག་ཤུགས་དོན་རྐྱེན་ཐོན་པ་དང་། ཚོང་ཁང་དང་གྲོང་མིའི་སྡོད་ཁང་ཁ་ཤས་ལ་གཏོར་སྐྱོན་ཐེབས་ཡོད་པ་རེད། ཉེན་རྟོག་པའི་ཕྱོགས་ནས་དེ་རྗེས་ཁུ་ལུའུ་ནའེ་ཀེ་ལེ་ས་ཁུལ་དུ་མཚན་འགྲུལ་བཀག་སྡོམ་གྱི་ཁྱབ་བསྒྲགས་བྱས་པ་རེད། དེ་རྗེས་སི་ལི་ལན་ཁའི་རྒྱལ་ས་ཁོ་ལུན་ཕོ་གྲོང་ཁྱེར་ཉེ་འགྲམ་གྱི་ཅ་མུའུ་པོ་ཧ་ས་ཁུལ་དུའང་དྲག་ཤུགས་དོན་རྐྱེན་ཐོན་པས་ཉེན་རྟོག་པ་ལས་ཡུལ་དངོས་སུ་བསྐྱོད་དེ་སྒྲིག་ལམ་སྲུང་འཛིན་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།