དབྱི་རན་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དཔུང་སྡེས་དབྱི་སི་ལན་རྒྱལ་ཁབ་ཟེར་བའི་མགོ་པ་གལ་ཆེན་ཞིག་བསད་པ།
སྤེལ་བའི་དུས་ཚོད། : 2019-04-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༤ཉིན་དབྱི་རག་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དཔུང་སྡེས་རྒྱལ་ཁབ་དེ་གའི་ཤར་རྒྱུད་ཀྱི་ཏི་ཡ་ལ་མངའ་སྡེར་ཐལ་སྐྱོད་སྒྲིག་འཛུགས་དབྱི་སི་ལན་རྒྱལ་ཁབ་ཟེར་བའི་མགོ་པ་གལ་ཆེན་ཞིག་དང་དེའི་རྗེས་འབྲང་པ་གསུམ་མེ་མདའ་རྒྱབ་ནས་བསད་ཡོད་པ་རེད། དབྱི་རག་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་མཁན་དཔུང་སྡེས་ཉིན་དེར་གསལ་བསྒྲགས་སྤེལ་བའི་ནང་། དབྱི་རག་གི་མཁའ་དམག་དང་དབྱི་སི་ལན་རྒྱལ་ཁབ་ཟེར་བར་རྡུང་རྡེག་གཏོང་མཁན་རྒྱལ་སྤྱིའི་མནའ་གྲོགས་ཀྱི་མཁའ་ཐོག་རོགས་རམ་འོག དབྱི་རག་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་མཁན་དཔུང་སྡེས་ཏི་ཡ་ལ་མངའ་སྡེའི་བྱང་རྒྱུད་ཀྱི་ཤི་མུའུ་ལིན་རི་ཁུལ་དུ་བྱ་སྤྱོད་སྤེལ་བ་དང་། དབྱི་སི་ལན་རྒྱལ་ཁབ་ཟེར་བའི་ས་ཁུལ་དེ་གའི་ཁུལ་གྱི་དམག་དོན་འགོ་ཁྲིད་པ་མོ་ཧན་མོ་དེ་ས་ལེ་མན་ད་ཧུའུ་དེ་བསད་ཡོད་པ་རེད། ཤི་མུའུ་ལིན་རི་ཁུལ་ནི་དབྱི་རག་གི་ཤར་རྒྱུད་དུ་གནས་པ་དང་། དུས་ཡུན་རིང་པོའི་ནང་དབྱི་སི་ལན་རྒྱལ་ཁབ་ཟེར་བའི་སྟོབས་ཤུགས་ལྷག་འཕྲོ་ཡིབས་སའི་ས་ཆ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།