དབྱི་རན་གྱི་ཆུ་ལོག་ནང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་༧༦བར་མང་དུ་སོང་བ།
སྤེལ་བའི་དུས་ཚོད། : 2019-04-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

དབྱི་རན་བབ་བསྟུན་རོགས་སྐྱོར་པུས་སྤྱི་ཚེས་༡༤ཉིན་ཆ་འཕྲིན་ཁྱབ་བསྒྲགས་བྱས་པའི་ནང་། དབྱི་རན་ས་ཁོངས་ནང་རྒྱུན་མཐུད་ཟླ་བ་གཅིག་མ་ཟིན་ཙམ་བྱུང་བའི་ཆུ་ལོག་གནོད་འཚེའི་ནང་ད་བར་རྒྱལ་ཡོངས་སུ་མི་༧༦རྐྱེན་ལམ་དུ་ཤོར་བ་དང་དེ་བྱིངས་མི་༥༤༤ལ་རྨས་སྐྱོན་ཕོག་ཡོད་པ་རེད་ཅེས་འཁོད་འདུག ཆ་འཕྲིན་ནང་། ད་ཐེངས་ཀྱི་ཆུ་ལོག་གནོད་འཚེ་དེ་དབྱི་རན་རྒྱལ་ཡོངས་ཀྱི་མངའ་སྡེ་༣༡ནང་ནས་༢༥ལ་ཁྱབ་ཡོད་པ་དང་གནོད་འཚེ་ཚབས་ཆེ་ཤོས་ཕོག་པའི་ས་ཁུལ་གྲས་དུ་ལྷོ་ངོས་ཀྱི་ཧྥར་སི་མངའ་སྡེ་དང་ནུབ་ངོས་ཀྱི་བློ་ལེའི་སི་ཐན་མངའ་སྡེ། ཤར་རྒྱུད་ཀྱི་གུ་ལེའི་སི་ཐན་མངའ་སྡེ། བྱང་ངོས་ཀྱི་ལི་ཧེའི་གྲམ་ངོགས་ཀྱི་མ་ཙན་ཏ་ལན་མངའ་སྡེ་བཅས་ཚུད་ཡོད་པ་རེད། གཞན་ཡང་ཆུ་ལོག་གིས་ད་དུང་དཔལ་འབྱོར་གྱོང་རྒུན་ཨ་སྒོར་དུང་ཕྱུར་ཁ་ཤས་བཟོས་པ། ཆར་ཆུ་ཆེན་པོ་བབ་པས་རི་ཁུལ་གྱི་རི་ཉིལ་བ་དང་མང་ཚོགས་མང་པོ་རང་ཡུལ་ནས་ཁ་བྲལ་དགོས་བཟོས་ཡོད་པ་རེད་ཅེས་འཁོད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།