ཝེ་ནི་ཙུས་ལའི་ཙུང་ཐུང་གིས་ཝེ་ནི་ཙུས་ལའི་ཡུལ་དམག་གི་མི་གྲངས་ལོ་འདིའི་ནང་ས་ཡ་༣བར་མང་དུ་གཏོང་རྒྱུ་རེད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-04-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཝེ་ནི་ཙུས་ལའི་ཙུང་ཐུང་མ་ཏུ་ལོས་སྤྱི་ཚེས་༡༣ཉིན་རྒྱལ་ས་ཅ་ལ་ཅ་སིར། ལོ་འདིའི་ནང་ཚུན་དུ་ཝེ་ནི་ཙུས་ལའི་རྒྱལ་ཁབ་ཀྱི་ཡུལ་དམག་དཔུང་ཁག་གི་གཞི་ཁྱོན་མི་ས་ཡ་༣བར་མང་དུ་གཏོང་རྒྱུ་མ་ཟད་བཅའ་ཁྲིམས་ཐད་ཡུལ་དམག་གི་གནས་བབ་མཐོ་རུ་གཏོང་རྒྱུའི་ཐད་ནུས་ཤུགས་འདོན་རྒྱུ་རེད་ཅེས་གསུངས་འདུག མ་ཏུ་ལོས་ཉིན་དེ་རང་ལ་བྱེད་སྒོར་ཞུགས་སྐབས། ཝེ་ནི་ཙུས་ལར་མིག་སྔར་ཡུལ་དམག་་ས་ཡ་༢དང་༡འབུམ་༩ཁྲི་༩སྟོང་ཡོད་པ་དང་ཁོང་ཚོའི་འགན་འཁྲི་ནི་རྒྱལ་ཁབ་ཀྱི་ཞི་བདེ་དང་བདག་དབང་། མངའ་ཁོངས་ས་ཆ་ཆ་ཚང་བཅས་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་པས་ཝེ་ནི་ཙུས་ལའི་རྩ་ཁྲིམས་ཚོགས་ཆེན་གྱིས་ཡུལ་དམག་དེ་རྒྱལ་ཁབ་ཀྱི་དྲག་ཆས་སྟོབས་ཤུགས་ཀྱི་ཁ་གསབ་ཆ་ཤས་ཡིན་པའི་གནས་བབ་ནན་སྟོན་བྱེད་པ་དང་དེར་བརྟེན་ནས་ཆེད་ལས་དང་ཚན་རིག་དང་མཐུན་པ། དུས་རབས་ཉེར་གཅིག་པའི་དེང་རབས་ཅན་གྱི་ཕྱོགས་སུ་མདུན་སྐྱོད་བྱེད་པ་བཅས་ཀྱི་རྒྱལ་ཁབ་དྲག་ཆས་སྟོབས་ཤུགས་གསོ་སྐྱོང་བྱེད་རྒྱུའི་རེ་བ་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།