ཁུ་པའི་འགོ་ཁྲིད་པས་ཁུ་པ་དང་ཨ་རིའི་འབྲེལ་བ་ཚད་གཞི་དམའ་ཤོས་སུ་ཆག་ཡོད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-04-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༣ཉིན། ཁུ་པའི་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཅིག་ལྕོགས་ཏི་ཡ་སི་ཁ་ནེར་གྱིས། ཨ་རིས་ཁུ་པར་བྱ་སྤྱོད་གང་རུང་བཟུང་བས་མ་གཞི་ནས་བརྟན་པོ་མེད་པའི་ཁུ་པ་དང་ཨ་རིའི་འབྲེལ་བ་ཚད་གཞི་དམའ་ཤོས་སུ་ཆག་ཡོད་ཅེས་བསྟན་འདུག ཏི་ཡ་སི་ཁ་ནེར་གྱིས་ཉིན་དེ་རང་ལ་ཁུ་པའི་སྐབས་༩པའི་རྒྱལ་ཡོངས་མི་དམངས་སྲིད་དབང་འཐུས་མི་ཚོགས་ཆེན་གྱི་དམིགས་བསལ་གྲོས་ཚོགས་ཐེངས་གསུམ་པའི་ཐོག ཨ་རིས་སྒྲ་རླབས་དཔུང་འཇུག་ཟེར་བའི་དོན་གཞི་རྫུན་བཟོས་བྱས་པ་དང་མ་དངུལ་བསྡུ་རུབ་བྱས་ནས་ཁུ་པའི་གསར་བརྗེར་ངོ་རྒོལ་བྱེད་མཁན་ལ་རྒྱབ་སྐྱོར་བྱེད་པ། ཧོར་མུ་སི་པོ་ཏུན་ཧྥ་ཞེས་པ་འཁྲུག་རྒྱུ་གཏོང་རྒྱུ་ཡིན་ཞེས་འཇིགས་སྣང་སྐུལ་བ་སོགས་བྱ་ཐབས་བརྒྱུད་ཁུ་པར་བཀག་སྡོམ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྩིས་བྱས་ཡོད་ཅེས་དང་ཁོང་གིས། ཨ་རིས་གནོན་ཤུགས་སྤྲད་པ་སོགས་རྒྱུ་རྐྱེན་གྱིས་ཤུགས་རྐྱེན་ཐེབས་པའི་དབང་གིས་ཁུ་པས་རྒྱལ་ཁབ་ཕྱོགས་གསུམ་པོའི་དངུལ་བུན་དང་ལེན་བྱེད་པ་དང་མ་དངུལ་མཉམ་གསོག་བྱེད་པའི་ཐད་ལའང་འགོག་རྐྱེན་འཕྲད་ཡོད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།