ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་གིས་ཀྲུང་གོ་དང་ཨུ་རུ་སུའི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུ་རེད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-04-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུ་ལོ་ཧྥུས་སྤྱི་ཚེས་༡༣ཉིན་ཨུ་རུ་སུའི་ཕྱི་འབྲེལ་དང་རྒྱལ་སྲུང་སྲིད་ཇུས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་ཐེངས་༢༧པའི་ཐོག་གཏམ་བཤད་སྤེལ་སྐབས། ཨུ་རུ་སུ་དང་ཀྲུང་གོའི་མཉམ་ལས་ལ་གདེང་འཇོག་མཐོ་པོ་གནང་འདུག ཁོང་གིས། མ་འོངས་པར་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་དངོས་གཉེར་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུ་རེད་ཅེས་གསུངས་འདུག

ལ་ཧྥུ་ལོ་ཧྥུས། ཀྲུང་གོ་དང་ཨུ་རུ་སུའི་རོགས་པའི་འབྲེལ་བ་ནི་ཁྱོན་ཡོངས་གཉིས་ཕན་འབྲེལ་བའི་མིག་དཔེ་ཡིན་པ་མ་ཟད་ཀྲུང་གོ་དང་ཨུ་རུ་སུའི་མཉམ་ལས་ཁྲིམས་འགལ་བྱ་ཐབས་ཐོག་རྒྱལ་སྤྱིའི་གནད་དོན་ཐག་གཅོད་བྱེད་རྒྱུར་རེ་སྟོང་བཅངས་མཁན་སྟོབས་ཤུགས་ལ་ཐ་ཚིག་གཏོང་བའི་ནུས་པའང་ཐོན་ཡོད་ཅེས་དང་ཁོང་གིས། མ་འོངས་པར་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ད་དུང་མུ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུ་དང་མིག་སྔར་རྒྱལ་སྤྱིའི་བདེ་འཇགས་དང་བརྟན་ལྷིང་མདུན་དུ་འགྲན་རྩོད་འཕྲད་པའི་དུས་བབ་འོག་ཕྱོགས་གཉིས་པོས་ད་དུང་རྒྱལ་སྤྱིའི་བདེ་འཇགས་སོགས་ཁྱབ་ཁོངས་མང་པོའི་ནང་མཉམ་དུ་འཚོལ་ཞིབ་བྱེད་རྒྱུ་རེད་ཅེས་དང་ལ་ཧྥུ་ལོ་ཧྥུས། གལ་ཏེ་ཀྲུང་གོས་མཁའ་དབྱིངས་སུ་ཚོན་ཆ་བཀོད་སྒྲིག་བྱེད་པའི་མཉམ་འབྲེལ་གྲོས་འགོ་མཉམ་དུ་འདོན་པ་དང་རྫས་འགྱུར་ཚོན་ཆ་དང་སྐྱེ་དངོས་ཀྱི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་གཏོང་བའི་སྤྱི་ཆིང་གཏན་འབེབས་བྱས་པ་ཡིན་ན་ཨུ་རུ་སུ་ཕྱོགས་ཀྱིས་རྒྱལ་སྤྱིའི་བདེ་འཇགས་ཀྱི་སྔོན་དཔག་རང་བཞིན་དང་ཡིད་རྟོན་བྱེད་ཚད་མཐོ་རུ་གཏོང་རྒྱུའི་ཐད་གྲོས་འགོ་འདོན་རྒྱུ་རེད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།