ཕ་ལེ་སྲིད་ཐན་སྲིད་གཞུང་གསར་པས་འགན་གནས་བཞེས་པའི་དམ་བཅའ་བཞག་པ།
སྤེལ་བའི་དུས་ཚོད། : 2019-04-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༣ཉིན་སྐབས་གསར་པའི་ཕ་ལེ་སི་ཐན་སྲིད་གཞུང་གིས་ཅོར་ཏན་ཆུ་བོའི་ནུབ་རྒྱུད་གྲོང་ཁྱེར་ལ་མུའུ་ཨན་ལ་རུ་འགན་གནས་བཞེས་པའི་དམ་བཅའ་བཞག་ཡོད་པ་རེད།

སྐབས་གོང་མའི་སྲིད་གཞུང་གི་ཁོངས་མི་མང་ཆེ་བ་རང་ཚུགས་མི་སྣ་ཡིན་པ་མི་འདྲ་བར། སྐབས་འདིའི་སྲིད་གཞུང་གི་ཁོངས་མི་མང་ཆེ་བ་ཕ་ལེ་སི་ཐན་བཅིང་འགྲོལ་སྒྲིག་འཛུགས་ཀྱི་ཤོག་ཁག་ཆེ་ཤོས་ཧྥ་ཐ་ཧེ་ནས་ཡིན་པ་དང་། དེ་མིན་ལྷག་འཕྲོ་རྣམས་ཕ་ལེ་སི་ཐན་བཅིངས་འགྲོལ་སྒྲིག་འཛུགས་ཀྱི་དེ་མིན་ཤོག་ཁག་གི་ཁོངས་མིའམ་ཡང་ན་རང་ཚུགས་མི་སྣ་ཡིན་པ་རེད།

ཕ་ལེ་སི་ཐན་བཅིངས་འགྲོལ་སྒྲིག་འཛུགས་ཁོངས་གཏོགས་མིན་པའི་ཕ་ལེ་སི་ཐན་དབྱི་སན་འགོག་རྒོལ་ལས་འགུལ་ཧ་མ་སིས་ཉིན་དེར་གསལ་བསྒྲག་སྤེལ་ནས། སྐབས་གསར་པའི་སྲིད་གཞུང་དེ་ཁ་འཕྲལ་སྲིད་གཞུང་ཡིན་པས། དེར་ཁྲིམས་མཐུན་རང་བཞིན་ལྡན་མེད་པ་མ་ཟད་འདེམས་བསྐོ་ཆེན་མོ་བྱེད་དགོས་པའི་རེ་འབུལ་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།