ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་གིས་ཨུ་རུ་སུ་དང་ཨ་རིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་སྐད་ཆ་ཤོད་རེས་སླར་གསོ་བྱས་ཟིན་ཞེས་གསུངས་པ།
སྤེལ་བའི་དུས་ཚོད། : 2019-04-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༣ཉིན་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལུའོ་ཕུས། ཨུ་རུ་སུ་དང་ཨ་རི་རྒྱལ་ཁབ་གཉིས་པོས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཁྱབ་ཁོངས་ཀྱི་སྐད་ཆ་ཤོད་རེས་སླར་གསོ་བྱས་ཟིན། མིག་སྔར་ད་དུང་ཨབ་ཀ་ནི་སི་ཐན་གནད་དོན་དང་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་གནད་དོན་ཐད་ལ་སྦྲེལ་མཐུད་རྒྱུན་འཁྱོངས་བྱེད་བཞིན་ཡོད། འོན་ཀྱང་ཨ་རིས་མངོན་གསུམ་འཛེམས་མེད་ཐོག་ནས་བདག་དབང་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་བྱེད་སྟངས་དེ་རིགས་དང་ལེན་བྱེད་ཐབས་བྲལ་སོང་ཞེས་གསུངས་པ་རེད།

ཐ་སི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ལ་ཧྥུའུ་ལུའོ་ཕུས་ཉིན་དེར་ཨུ་རུ་སུའི་ཕྱི་འབྲེལ་དང་རྒྱལ་སྲུང་སྲིད་ཇུས་ཨུ་ཡོན་ལྷན་ཁང་དུ་སྐོང་འཚོགས་བྱས་པའི་གྲོས་ཚོགས་ཐོག་གཏམ་བཤད་སྤེལ་ནས་མིག་སྔར་ཨུ་རུ་སུ་དང་ཨ་རི་རྒྱལ་ཁབ་གཉིས་པོས་ཕྱོགས་གཉིས་ཀྱི་ཁེ་ཕན་དང་འཚམས་པའི་ཁྱབ་ཁོངས་ནང་མཉམ་ལས་བྱེད་བཞིན་ཡོད། ཕྱོགས་གཉིས་པོས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་སྐད་ཆ་ཤོད་རེས་སླར་གསོ་བྱས་པ་དང་། རྒྱལ་ཁབ་གཉིས་པོའི་དམག་ཕྱོགས་ནས་སི་རི་ཡའི་གདོང་གཏུགས་མེད་པར་བཟོ་བའི་སྒྲིག་གཞིའི་ནང་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་པ་མ་ཟད་གྲུབ་འབྲས་ཀྱང་ཐོན་ཡོད་ཅེས་གསུངས་པ་རེད།

ལ་ཧྥུའུ་ལུའོ་ཕུས། ཨུ་རུ་སུ་དང་ཨ་རིའི་མཉམ་ལས་ཀྱི་དཔེ་མཚོན་དེ་བས་མང་བ་མཐོང་རྒྱུའི་རེ་བ་བཅངས་བཞིན་པ་དང་། གནས་བབ་དེ་ཉིད་ཨུ་རུ་སུ་དང་ཨ་རིའི་སྐད་ཆ་ཤོད་རེས་ལ་ཕན་པའི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།