ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྟོད་པས་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས་རྒྱལ་ཁབ་ཛ་དྲག་གནས་བབ་མཚམས་འཇོག་བྱས་པ་དང་། ཐེ་རོན་ཕུས་གྲོས་ཆོད་དེར་ཁས་ལེན་བྱ་རྒྱུ་མིན་པའི་རྣམ་པ་བསྟན་པ།
སྤེལ་བའི་དུས་ཚོད། : 2019-03-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༤ཉིན་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྟོད་པས་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་བ་དང་། ཙུང་ཐུང་ཐེ་རོན་ཕུས་དེའི་གོང་ཨ་རིའི་ལྷོ་རྒྱུད་མཐའ་མཚམས་དེ་རྒྱལ་ཁབ་ཀྱི་ཛ་དྲག་གནས་བབ་ལ་སླེབས་ཡོད་ཅེས་ཁྱབ་བསྒྲགས་བྱས་པར་ཁས་ལེན་བྱས་མེད་པ་རེད། ཐེ་རོན་ཕུས་དེ་རྗེས་གྲོས་ཆོད་དེར་མོས་མཐུན་བྱ་རྒྱུ་ཡིན་པའི་རྣམ་པ་བསྟན་པ་རེད། གལ་སྲིད་ཐེ་རོན་ཕུས་ཁས་ལེན་མི་བྱ་རྒྱུའི་རྣམ་པ་བསྟན་ཚེ། ཨ་རིའི་གྲོས་ཚོགས་སྟོད་སྨད་གཉིས་ཀྱི་འདེམས་ཤོག་གསུམ་ཆ་གཉིས་ཡན་གྱིས་ཐོག་ནས་གྲོས་ཆོད་དེར་གྲོས་འཆམ་བྱ་ཐུབ་ན། གཞི་ནས་ཙུང་ཐུང་གིས་བཤད་པ་དེར་ཁས་ལེན་མ་བྱས་ན་འགྲིག་གི་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།