མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་སྡོད་ཁུལ་འཆར་འགོད་ཧྲུའུ་ཡིས་ཀྲུང་གོའི་གྲོང་ཁྱེར་གྱི་ཆུ་རྒྱུན་འབག་བཙོག་འགོག་བཅོས་བྱེད་པའི་ལེགས་སྒྲུབ་ཉམས་མྱོང་ལ་བསྔགས་བརྗོད་གནང་བ།
སྤེལ་བའི་དུས་ཚོད། : 2019-03-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༢ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་སྡོད་ཁུལ་འཆར་འགོད་ཧྲུའུ་ཡིས། ཆུ་རྒྱུན་འབག་བཙོག་འགོག་བཅོས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གྲོང་ཁྱེར་རྒྱུན་མཐུད་གོང་འཕེལ་མངོན་འགྱུར་ཡོང་བ། ཀྲུང་གོ་དང་དེ་མིན་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཉམས་མྱོང་༽ཞེས་པའི་སྙན་ཞུ་ཁྱབ་བསྒྲགས་བྱས་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་སྡོད་ཁུལ་འཆར་འགོད་ཧྲུའུ་ཡིས་ལག་བསྟར་ཀྲུའུ་རིན་ཤེ་ལི་ཧྥུ་ཡིས་སྙན་ཞུའི་ཁྱབ་བསྒྲགས་ཚོགས་འདུའི་ཐོག ཀྲུང་གོས་ཆུ་རྒྱུན་འབག་བཙོག་འགོག་བཅོས་ཀྱི་ལེགས་སྒྲུབ་ལྡན་པའི་ཉམས་མྱོང་ཀྱིས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་མིག་དཔེ་བཏོན་ཡོད་ཅེས་གསུངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།