དབྱིན་ཇིའི་གྲོས་ཚོགས་སྨད་པས་གྲོས་མཐུན་མེད་པར་དབྱིན་ཇིའི་ཡོ་རབ་མནའ་འབྲེལ་ནས་དོན་རྒྱུའི་ཐད་ལ་འཕེན་ཤོག་འཕེན་ནས་ངོ་རྒོལ་བྱས་པ།
སྤེལ་བའི་དུས་ཚོད། : 2019-03-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༣ཉིན་དབྱིན་ཇིའི་གྲོས་ཚོགས་སྨད་པས་འཕེན་ཤོག་འཕེན་ནས། དབྱིན་ཇི་གནས་ཚུལ་གང་རུང་ཞིག་གི་འོག་གྲོས་མཐུན་མེད་པར་དབྱིན་ཇི་ཡོ་རབ་མནའ་འབྲེལ་ནས་དོན་རྒྱུར་ངོ་རྒོལ་བྱས་ཡོད་པ་རེད།

དབྱིན་ཇིའི་གྲོས་ཚོགས་སྨད་པས་ཉིན་དེར་བཤེར་རྩོད་བྱས་པ་བརྒྱུད། འཕེན་ཤོག་༣༡༢ཡི་རྒྱབ་སྐྱོར་ཐོབ་པ་དང་། ༣༠༨ཡི་ངོ་རྒོལ་བྱས་པའི་ཐོག་ནས་དབྱིན་ཇི་དེ་ཉིད་གནས་ཚུལ་གང་རུང་ཞིག་གི་འོག་གྲོས་ཆིངས་མེད་པར་ཡོ་རབ་མནའ་འབྲེལ་ནས་དོན་རྒྱུའི་སྐོར་གྱི་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་ཡོད་པ་རེད། དེ་རྗེས། དབྱིན་ཇིའི་གྲོས་ཚོགས་སྨད་པས་ཡང་བསྐྱར་འཕེན་ཤོག་འཕེན་པ་དང་། འཕེན་ཤོག༣༢༡ཡི་རྒྱབ་སྐྱོར་བྱས་པ་དང་།

འཕེན་ཤོག་༢༧༨ཡིས་ངོ་རྒོལ་བྱས་པའི་ཐོག་ནས་སྲིད་གཞུང་གི་གྲོས་འགོར་གྲོས་འཆམ་བྱས་ནས། གྲོས་ཚོགས་ཁང་གིས་གྲོས་མཐུན་མེད་པར་དབྱིན་ཇི་ཡོ་རབ་མནའ་འབྲེལ་ནས་དོན་རྒྱུར་ངོ་རྒོལ་བྱ་རྒྱུ་ཡིན་པ་དངོས་སུ་གཏན་འཁེལ་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།