ལྗར་པན་གྱི་གོང་མ་ཁྲི་ནས་འབབ་པའི་འབྲེལ་ཡོད་མཛད་སྒོ་དངོས་སུ་འགོ་ཚུགས་པ།
སྤེལ་བའི་དུས་ཚོད། : 2019-03-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ལྗར་པན་གྱི་གོང་མ་མིང་རན་གྱིས་སྤྱི་ཚེས་༡༢ཉིན་གོང་མ་བཞུགས་སའི་ཀུང་ཀྲུང་སན་ཏན་དུ་མཛད་སྒོ་སྤེལ་ནས་དངོས་སུ་གོང་མ་ཁྲི་ནས་འབབ་པ་དང་། གོང་མའི་སྲས་ཁྲི་ལ་འཁོད་པའི་འགྲོ་ལུགས་གཉེར་ཡོད་པ་རེད། ལྗར་པན་གྱི་གོང་མ་མིང་རན་སྤྱི་ཟླ་༤པའི་ཚེས་༣༠ཉིན་ཁྲི་ནས་འབབ་རྒྱུ་དང་། གོང་མའི་སྲས་ཏེ་རན་གྱིས་སྤྱི་ཟླ་༥པའི་ཚེས་༡ཉིན་རྒྱལ་གཞིས་འཛིན་རྒྱུ་ཡིན་ཞིང་། གོང་མ་མིང་རན་ནི་ལྗར་པན་གོང་མ་ཚང་གི་ཧ་ལམ་ལོ་ངོ་༢༠༠ཙམ་གྱི་རིང་འཚོ་བཞུགས་སྐབས་ནས་ཁྲི་ལས་འབབ་པའི་གོང་མ་དང་པོ་དེར་འགྱུར་རྒྱུ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།