དབྱིན་ཇིའི་གྲོས་ཚོགས་སྨད་པས་སླར་ཡང་དབྱིན་ཇི་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྒྱུའི་གྲོས་ཆིངས་ཁྲ་སློག་བཏང་བ།
སྤེལ་བའི་དུས་ཚོད། : 2019-03-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༢ཉིན་དབྱིན་ཇིའི་གྲོས་ཚོགས་སྨད་པས་འདེམས་ཤོག་འཕངས་ནས་དབྱིན་ཇི་སྲིད་གཞུང་དང་ཡོ་རོབ་མནའ་འབྲེལ་བར་བཞག་པའི་དབྱིན་ཇི་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྒྱུའི་གྲོས་ཆིངས་སླར་ཡང་ཁྲ་སློག་བཏང་ཡོད་པ་རེད། དབྱིན་ཇིའི་གྲོས་ཚོགས་སྨད་པས་ཉིན་དེ་རང་དུ་རྩོད་གླེང་བྱས་པ་བརྒྱུད། མཐའ་མཇུག་ངོ་རྒོལ་འཕེན་ཤོག་༣༩༡དང་། རྒྱབ་སྐྱོར་འཕེན་ཤོག་༢༤༢ཀྱི་མཇུག་འབྲས་ཐོག་ནས་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི་གྲོས་ཆིངས་ཁྲ་སློག་ཐེངས་གཉིས་པ་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།