ཝུ་ནེ་ཙུ་ལས་ཨ་རིའི་ཕྱི་འབྲེལ་མི་སྣ་ལྷག་མ་རྣམས་ཆུ་ཚོད་༧༢ནང་རྒྱལ་ཁོངས་ནས་ཕྱིར་ཐོན་རྒྱུའི་བླང་བྱ་བཏོན་པ།
སྤེལ་བའི་དུས་ཚོད། : 2019-03-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཝུ་ནེ་ཙུ་ལའི་སྲིད་གཞུང་གིས་སྤྱི་ཚེས་༡༢ཉིན་སྤྱི་བསྒྲགས་སྤེལ་ནས། ཝུ་ནེ་ཙུ་ལས་ཨ་རིའི་ཕྱི་འབྲེལ་མི་སྣ་ལྷག་མ་རྣམས་ཝུ་ནེ་ཙུ་ལའི་རྒྱལ་ཁོངས་ནང་བསྡད་པའི་དུས་བཀག་ནར་འགྱངས་མི་གཏོང་རྒྱུའི་ཐག་བཅད་ཡོད་པས། མི་སྣ་དེ་དག་ཉིན་དེ་གའི་དགོང་མོའི་ཆུ་ཚོད་༡༢ནས་རྩིས་པའི་ཆུ་ཚོད་༧༢ནང་ཚུད་རྒྱལ་ཁོངས་ནས་ཕྱིར་ཐོན་དགོས་ཞེས་བཤད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།