ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སིས་སྲིད་གཞུང་གི་ཙུང་ལི་གསར་པ་བསྐོ་གཞག་བྱས་པ།
སྤེལ་བའི་དུས་ཚོད། : 2019-03-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཕ་ལེ་སི་ཐན་གྱི་གཞུང་ཕྱོགས་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཚེས་༡༠ཉིན་ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སིས་མོ་ཧན་མོ་ཏེ་ཨའེ་ཧྲི་ཐ་ཡེ་སྲིད་གཞུང་གི་ཙུང་ལིར་བསྐོས་བ་དང་། ཁོང་ལ་སྲིད་གཞུང་གསར་པ་འཛུགས་རྒྱུའི་བཀའ་བཏང་བ་རེད།

མོ་ཧན་མོ་ཏེ་ཨའེ་ཧྲི་ཐ་ཡེ་ནི་སྤྱི་ལོ༡༩༥༨ལོར་ཅོར་ཏན་ཆུ་བོའི་ནུབ་ངོགས་ཀྱི་གྲོང་ཁྱེར་ན་པུའུ་ལུའུ་སི་རུ་སྐྱེས་པ་དང་། དཔལ་འབྱོར་འཕེལ་རྒྱས་རིག་པའི་འབུམ་རམས་པ་ཡིན་ཞིང་། ཁོང་ནི་ཕ་ཁི་སི་ཐན་མི་རིགས་བཅིངས་འགྲོལ་ལས་འགུལ་གྱི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་།དེ་སྔའི་སྤྱི་པའི་ལས་གྲྭ་དང་སྡོད་ཁང་པུའི་པུའུ་ཀྲང་ཡིན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བཀྲ་ཤིས་དབང་རྒྱལ།