ལྷོ་ཁོ་རེ་ཡའི་ཙུང་ཐུང་ལས་ཤག་གིས་བྱང་ཁོ་རེ་ཡ་དང་ཨ་རིའི་སྐུ་ཚབ་ནས་ཅིན་ཀྲེན་ཨེན་དང་ཐེ་རོན་ཕུ་ཐུག་འཕྲད་མ་བྱས་གོང་སླར་ཡང་གྲོས་མོལ་ཐེངས་གཅིག་བྱ་རྩིས་ཡོད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-02-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ལྷོ་ཁོ་རེ་ཡའི་ཙུང་ཐུང་ལས་ཤག་གིས་སྤྱི་ཚེས་༡༠ཉིན། བྱང་ཁོ་རེ་ཡ་དང་ཨ་རིའི་སྐུ་ཚབ་ནས་ཉེ་དུས་སླར་ཡང་གྲོས་མོལ་ཐེངས་གཅིག་བྱས་ཏེ། བྱང་ཁོ་རེ་ཡ་དང་ཨ་རིའི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་གཉིས་པ་བྱ་རྒྱུར་གྲ་སྒྲིག་བྱ་རྩིས་ཡོད་ཅེས་བསྟན་ཡོད།

ལྷོ་ཁོ་རེ་ཡའི་ཙུང་ཐུང་ལས་ཤག་གི་མགྲིན་ཚབ་པ་ཅིན་དབྱི་ཅན་གྱིས་ཉིན་དེར། ལྷོ་ཁོ་རེ་ཡའི་ཙུང་ཐུང་ཝུན་ཙའེ་ཡིང་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཉེ་དུས་བྱང་ཁོ་རེ་ཡ་དང་ཨ་རིའི་འགོ་ཁྲིད་པའི་ཐུག་འཕྲད་བྱ་རྒྱུའི་ཐད་འབྲེལ་གཏུག་བྱ་རྒྱུ་རེད་ཅེས་བསྟན་ཡོད། ལྷོ་ཁོ་རེ་ཡའི་གསར་འགྱུར་ལས་རིགས་ཀྱིས་ཝུན་ཙའེ་ཡིང་དང་ཐེ་རོན་ཕུས་ཁ་པར་ཐོག་ནས་གྲོས་མོལ་བྱེད་བཟོ་ཡོད་པའི་དབྱེ་ཞིབ་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།