ཐེ་ཀྲུང་རྒྱལ་ཁབ་གཉིས་པོའི་མང་ཚོགས་ནས་ལྷན་དུ་དཔྱིད་གསར་དུས་ཆེན་སྤྲོ་གཏོང་བྱས།
སྤེལ་བའི་དུས་ཚོད། : 2019-02-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༩ཉིན་གྱི་དགོང་མོ། ཐེ་ལན་ན་ཁོང་ཧྲ་ཝན་གྲོང་ཁྱེར་གྱི་ཁྲོམ་གཞུང་གཙོ་བོར་མི་སྐད་ཀྱིས་ཁེངས་ཤིང་། མི་རྣམས་ཀྱིས་གྱོན་ཆས་དམར་པོ་གྱོན་ནས་ཀྲུང་གོ་དང་ཐེ་ལན་གྱི་སྲོལ་རྒྱུན་ཁྱད་ཆོས་ལྡན་པའི་ལེ་ཚན་རེས་སྐོར་གྱིས་འཁྲབ་སྟོན་བྱས་པ་དང་། ཚོན་ཁྲ་སྣ་ཚོགས་ཀྱི་ཤོག་སྦག་གིས་མཚན་མོའི་བར་སྣང་རབ་ཏུ་རྒྱན་ཡོད་པ་རེད།

དེ་ནི་ད་ལོ་ན་ཁོང་ཧྲ་ལན་གྲོང་ཁྱེར་གྱི་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་ཉིན་བཅུ་གཉིས་རིང་གི་རྟེན་འབྲེལ་མཛད་སྒོའི་ཉིན་མཇུག་མ་དེ་ཡིན་ཞིང་། ས་གནས་དེ་གས་མཇུག་འགྲིལ་མཚན་ཚོགས་གཟབ་རྒྱས་ཤིག་འཚོགས་ཡོད་པ་རེད། ཉིན་བཅུ་གཉིས་རིང་། ན་ཁོང་ཧྲ་ཝན་དུ་མཛེས་འཆོས་འཁོར་ལོའི་ཁྲོམ་སྐོར་དང་། འབྲུག་སེང་ཞབས་བྲོ་འཁྲབ་པ། སྲོལ་རྒྱུན་གྱི་ཚོགས་མཆོད་སོགས་བྱེད་སྒོ་སྣ་ཚོགས་སྤེལ་ཡོད་པ་རེད།

དམངས་ཁྲོད་ཀྱི་ཐུན་མོང་རྟེན་འབྲེལ་བྱེད་སྒོ་ཕུད། ཉེ་བའི་ལོ་བཅོ་ལྔའི་རིང་། ཀྲུང་ཐེ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་ནས་ཀྱང་མཉམ་འབྲེལ་ཐོག་སྤྲོ་སྐྱིད་ལྡན་པའི་དཔྱིད་གསར་དུས་ཆེན་ཞེས་པའི་རྟེན་འབྲེལ་བྱེད་སྒོ་སྤེལ་གྱི་ཡོད་པ་རེད།
ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ལོ་༢༠༡༩ལོའི་ཐེ་ལན་གྱི་སྤྲོ་སྐྱིད་ལྡན་པའི་དཔྱིད་གསར་དུས་ཆེན་ཞེས་པའི་བྱེད་སྒོ་སྤེལ་རིང་།ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུའུ་ནས་མངགས་གཏོང་བྱས་པའི་རིག་གནས་ཚོགས་ཆུང་བཅུ་གསུམ་གྱིས་པང་ཁོག་སོགས་ས་གནས་སུ་འཁྲབ་སྟོན་དང་། ཞིམ་ཟས་མྱོང་རོལ། ཡུལ་སྐོར་འོས་སྦྱོར། འགྲེམ་སྟོན་སོགས་བྱེད་སྒོ་སྣ་ཚོགས་སྤེལ་ཡོད་པ་རེད།

སྤྱི་ཟླ་༥པའི་ཚེས་༥ཉིན་ནི་ལོ་གསར་གྱི་ཚེས་གཅིག་ཡིན། སྤྲོ་སྐྱིད་ལྡན་པའི་དཔྱིད་གསར་དུས་ཆེན་ཞེས་པའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་པང་ཁོག་གི་ཐང་རན་ཁྲོམ་གཞུང་དུ་གཉེར་ཡོད་པ་དང་། ཐེ་ལན་གྱི་ཀོང་ཇོ་ཧྲི་ལིན་ཐོང་མཛད་སྒོར་ཕེབས་པ་དང་། མཛད་སྒོར་ཞུགས་མཁན་ད་དུང་ཐེ་ལན་གྱི་ཙུང་ལི་པ་ཡུས་སོགས་ཐེ་ལན་གྱི་སྲིད་དོན་མི་སྣ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།