ཝེ་ནེ་ཙུའེ་ལའི་ཙུང་ཐུང་གཞོན་པས་ཀོ་དབྱི་ཏོས་བློ་རིག་མེད་པའི་བྱ་སྤྱོད་མཚམས་འཇོག་བྱེད་དགོས་པའི་བླང་བྱ་བཏོན་པ།
སྤེལ་བའི་དུས་ཚོད། : 2019-02-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཝེ་ནེ་ཙུའེ་ལའི་ཙུང་ཐུང་གཞོན་པ་ལོ་ཏེ་ལི་གེ་སེས་ཉེ་ཆར་གསུངས་བཤད་གནང་ནས། ངོ་རྒོལ་ཤོག་ཁག་གི་ཁོངས་མི། གྲོས་ཚོགས་ཀྱི་ཀྲུའུ་ཞི་ཀོ་དབྱི་ཏོས་བློ་རིག་མེད་པའི་བྱ་སྤྱོད་མཚམས་འཇོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

སྤྱི་ཚེས་༨ཉིན་ཀོ་དབྱི་ཏོས། དགོས་ངེས་ཀྱི་གནས་ཚུལ་འོག ཨ་རིའམ་རྒྱལ་ཁབ་གཞན་ནས་ཝེ་ནེ་ཙུའེ་ལའི་དུས་བབས་ལ་ཐེ་ཇུས་བྱེད་པའི་དབང་ཆ་སྤྲད་ནས། མ་ཏུའུ་ལོ་སྲིད་སྟེགས་ནས་བབ་དུ་འཇུག་པ་མ་ཟད་ཝེ་ནེ་ཙུའེ་ལའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཞི་ལྷོད་དུ་འགྲོ་བ་བྱ་རྒྱུ་ཡིན་པའི་རྣམ་པ་བསྟན་ཡོད་པ་རེད།

ལོ་ཏེ་ལི་གེ་སེས་ད་དུང་། ཝེ་ནེ་ཙུའེ་ལའི་མི་དམངས་ནས་ཞི་བདེ་དང་བརྟན་ལྷིང་ཡོང་བའི་རེ་བ་བཅངས་བཞིན་ཡོད་པ་གསལ་པོ་བརྗོད་ཡོད་ཅེས་བསྟན་ཡོད་པ་དང་། ཁོང་གིས། ཨ་རིའི་མི་ཆོས་རིང་ལུགས་རོགས་སྐྱོར་ཟེར་བ་ནི་ཝེ་ནེ་ཙུའེ་ལར་བརྩལ་འཛུལ་བྱེད་པའི་ཁ་གཡར་ས་ཙམ་ཡིན་ཞེས་ནན་བཤད་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།