མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་ཞུགས་ཨུ་རུ་སུའི་སྐུ་ཚབ་ཀྱིས། ཨ་རིས་དམག་ཤུགས་ཚོད་འཛིན་མ་ལག་ལ་གཏོར་བཤིག་བཏང་བ་དེས་སྔོན་དཔགས་བྱེད་དཀའ་བའི་མཇུག་འབྲས་ཐོན་བཟོ་ཡོད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-02-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་ཞུགས་ཨུ་རུ་སུའི་སྐུ་ཚབ་ཉེ་པན་ཅ་ཡིས། ཨ་རིས་འཛམ་གླིང་ཧྲིལ་པོའི་དམག་ཤུགས་ཚོད་འཛིན་མ་ལག་ལ་གཏོར་བཤིག་བཏང་བ་དེས་སྔོན་དཔགས་བྱེད་དཀའ་བའི་མཇུག་འབྲས་བཟོ་སྲིད་ཅེས་བསྟན་ཡོད་པ་རེད།

ཨུ་རུ་སུའི་འཕྲིན་ལམ་དང་པོའི་བརྙན་འཕྲིན་ལས་ཁུངས་ཀྱིས་ཉིན་དེ་གར་བསྟན་པའི་བཅར་འདྲིའི་ནང་། ཉེ་པན་ཅ་ཡིས། ཨ་རིས་དམག་ཤུགས་ཚོད་འཛིན་མ་ལག་ལ་གཏོར་བཤིག་གཏོང་བཞིན་ཡོད་པ་དང་། ཨུ་ཚུགས་ངང་དམག་གྲབས་རྒྱ་ཆེར་གཏོང་གི་ཡོད་པས། འཛམ་གླིང་བདེ་འཇགས་ལ་ཉེན་ཁ་བཟོས་ཡོད། ཨུ་རུ་སུས་སླད་ཕྱིན་གནས་བབས་ལ་འགྱུར་བ་གང་འདྲ་འགྲོ་མིན་སྔོན་དཔགས་བྱེད་ཐབས་བྲལ་ཡོད་ལ། བསམ་ཡུལ་ལས་འདས་པའི་གདོང་ཐུག་ཐོན་པའི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་ཅེས་བསྟན་ཡོད་པ་དང་།

ཁོང་གིས། མིག་སྔར་འཇམ་འཐབ་སྐབས་ཀྱི་འགན་ཟླ་སྔར་བཞིན་གནས་ཡོད་པ་དང་། དེའི་རྒྱུ་རྐྱེན་གཙོ་བོ་ནི་ཨུ་རུ་སུས་རང་ཚུགས་ཀྱི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པས། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་དུས་རབས་གོང་མའི་ལོ་རབས་90པ་ལྟར་ཨུ་རུ་སུར་ཤུགས་རྐྱེན་བཟོ་ཐབས་བྲལ་ཡོད། དེས་རྐྱེན་པས་ནུབ་ཕྱོགས་ནས་མི་འདོད་པའི་རྣམ་པ་ཤུགས་ཆེན་བསྟན་གྱི་ཡོད་པའི་ངོས་འཛིན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།