ཅིན་ཀྲེང་ཨེན་གྱིས་དམག་དཔུང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ།
སྤེལ་བའི་དུས་ཚོད། : 2019-02-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་2པའི་ཚེས་8ཉིན་ནི་བྱང་ཁོ་རེ་ཡའི་མི་དམངས་དམག་གི་དམག་འཛུགས་དུས་ཆེན་ཡིན། བྱང་ཁོ་རེ་ཡའི་ཀྲུང་དབྱང་གསར་འགྱུར་ཁང་གིས་སྤྱི་ཚེས་9ཉིན་གནས་ཚུལ་སྤེལ་བར་གཞིགས་ན། བྱང་ཁོ་རེ་ཡའི་ཆེས་མཐོའི་འགོ་ཁྲིད་པ་ཅིང་ཀྲེང་ཨེན་གྱིས་སྤྱི་ཚེས་8ཉིན་བྱང་ཁོ་རེ་ཡའི་མི་དམངས་དྲག་ཤུགས་མངའ་སྡེར་གཏམ་བཤད་སྤེལ་ནས། བྱང་ཁོ་རེ་ཡའི་མི་དམངས་དམག་བཙུགས་ནས་ལོ་71འཁོར་བར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་མ་ཟད། དམག་དཔུང་འཛུགས་སྐྱོང་བྱ་ཤུགས་ཆེ་རུ་གཏོང་བའི་ཐད་བླང་བྱ་བཏོན་ཡོད་པ་རེད།

ན་ནིང་སྤྱི་ཟླ་1པོའི་ཚེས་22ཉིན། བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ཆབ་སྲིད་ཅུད་ཀྱིས། སྤྱི་ཟླ་2པའི་ཚེས་8ཉིན་ནི་བྱང་ཁོ་རེ་ཡའི་མི་དམངས་དམག་གི་དམག་འཛུགས་དུས་ཆེན་ལ་གཏན་འཁེལ་བྱས་པ་དང་། སྤྱི་ལོ་1948ལོའི་ཟླ་བ་2པའི་ཚེས་8ཉིན་ཅིན་རི་ཁྲེང་གིས་བྱང་ཁོ་རེ་ཡའི་མི་དམངས་དམག་གྲབས་འཛུགས་བྱས་པར་དྲན་གསོ་ཞུ་རྒྱུའི་གཏན་འབེབས་ཡོངས་བསྒྲགས་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། མཚམས་གཅོད།