ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཟམ་པ་རིང་ཤོས་ནན་ཁོ་ནེ་ཆུ་བོའི་ཟམ་ཆེན་ཆེ་ཤོས་དེ་ཁ་ས་ཨར་སྐྲུན་བྱེད་འགོ་ཚུགས་པ།
སྤེལ་བའི་དུས་ཚོད། : 2019-02-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཟམ་པ་རིང་ཤོས་་ནན་ཁོ་ནེ་ཆུ་བོའི་ཟམ་ཆེན་ཆེ་ཤོས་སྤྱི་ཚེས་9ཉིན་ནས་བཟུང་གདུང་མ་སྐྱེལ་ཏེ་ཨར་སྐྲུན་བྱེད་འགོ་ཚུགས་ཞིང་། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་བྱང་ཀྲུང་གོ་དང་ལོ་སིའི་མཐའ་མཚམས་དང་། ལྷོ་ཝན་ཐེན་དུ་འབྱོར་གྱི་ཡོད་པས། ཀྲུང་གོའི་ཕྱོགས་ཀྱིས་གཙོ་བོ་བྱེད་པའི་མ་འཇོག་འཛུགས་སྐྲུན་དང་། ཀྲུང་གོ་དང་ལོ་སིས་ཐུན་མོང་ཐོག་ལས་གཉེར་བྱས་པ་མ་ཟད་ཀྲུང་གོའི་ལྕགས་ལམ་དྲ་བ་དང་ཐད་ཀར་འབྲེལ་མཐུད་བྱས་པའི་མངའ་ཁོངས་ཕྱི་རོལ་གྱི་ལྕགས་ལམ་རྣམ་གྲངས་ཐོག་མ་དེ་ཡིན་ཞིང་། སྤྱི་ལོ་2021ལོའི་ཟླ་བ་12པར་འཛུགས་སྐྲུན་གྲུབ་ཏེ་མེ་འཁོར་ཤར་གཏོང་ཐུབ་རྒྱུའི་འཆར་གཞི་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། མཚམས་གཅོད།