ཀྲུང་ཨ་ཡི་རེས་སྐོར་གསར་པའི་ཀྲུང་ཨ་དཔལ་འབྱོར་ཉོ་ཚོང་གྱི་མཐོ་རིམ་གྲོས་མོལ་པེ་ཅིན་དུ་བྱ་རྒྱུ་ཡིན་པ།
སྤེལ་བའི་དུས་ཚོད། : 2019-02-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་ཨ་ཁྱོན་ཡོངས་དཔལ་འབྱོར་སྐད་ཆ་ཤོད་རེས་ཀྱི་ཀྲུང་གོའི་ཕྱོགས་ཀྱི་སྣེ་ཁྲིད་མཁན་ལེའུ་ཧོ་ཡིས་སྤྱི་ཟླ་2པའི་ཚེས་14ཉིན་ནས་15ཉིན་བར་པེ་ཅིན་དུ་ཨ་རིའི་ཉོ་ཚོང་སྐུ་ཚབ་ལའེ་ཐེ་ཞི་ཙེ་དང་། ནོར་སྲིད་པུའུ་ཀྲང་མུའུ་ནུའུ་ཆིང་བར་རེས་སྐོར་གསར་པའི་ཀྲུང་ཨ་དཔལ་འབྱོར་ཉོ་ཚོང་གི་མཐོ་རིམ་གྲོས་མོལ་བྱ་རྒྱུ་དང་། ཕྱོགས་གཉིས་པོས་མི་རིང་བའི་གོང་ཧྭ་ཧྲེང་ཏུན་དུ་གྲོས་མོལ་བྱས་པའི་རྨང་གཞིའི་སྟེང་། ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་གྲོས་བསྡུར་སྔར་བས་གཏིང་ཟབ་བྱ་རྒྱུ་དང་། ཨ་རིའི་ཕྱོགས་ཀྱི་ལས་དོན་ཚོགས་པ་སྤྱི་ཟླ་2པའི་ཚེས་11ཉིན་པེ་ཅིན་དུ་འབྱོར་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། མཚམས་གཅོད།