ཕྱི་རྒྱལ་དུ་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་། འཁྲབ་སྟོན་གྱི་བྱེད་སྒོ་མང་བ།
སྤེལ་བའི་དུས་ཚོད། : 2019-02-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་༢པའི་ཚེས་༦ཉིན། ཨ་རིའི་ཉིའུ་ཡོག་དང་། ཧྥ་རན་སིའི་ཕ་རི་སི། ཉིའུ་ཙི་ལན་བྱང་རྒྱུད་ཕ་མོ་སི་ཏུན་གྲོང་ཁྱེར་བཅས་ཀྱིས་ཁག་སོ་སོར་ཀྲུང་གོའི་ལོ་གསར་གྱི་རོལ་དབྱངས་འདུ་ཚོགས་དང་། དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚོན་ཚོགས་དེ་བཞིན་རྩལ་རྩེད་འཁྲབ་སྟོན་གཉེར་ནས། ཀྲུང་གོའི་ལུགས་རྙིང་ས་ཕག་ལོའི་ལོ་གསར་ལ་རྟེན་འབྲེལ་ཞུས་ཡོད་པ་དང་། ས་གནས་འདི་གའི་གཟིགས་མོ་བའི་དགའ་བསུ་ཚད་མེད་ཐོབ་ཡོད་པ་རེད།

ཨ་རིའི་ལོ་རྒྱུས་ཡུན་རིང་ལྡན་པའི་མཉམ་དཀྲོལ་རོལ་ཚོགས་ཏེ་ཉིའུ་ཡོག་ཨའེ་ཡོས་རོལ་ཚོགས་ཀྱིས་ཉིན་དེའི་དགོང་མོར་ཉིའུ་ཡོག་གི་ལིན་ཁེན་ལྟེ་གནས་སུ་ཀྲུང་གོའི་ལོ་གསར་གྱི་རོལ་དབྱངས་མཚན་ཚོགས་གཉེར་ཡོད་པ་དང་། འདི་ནི་རོལ་ཚོགས་དེས་བྱེད་སྒོ་དེ་བསྟུད་མར་གཉེར་བའི་ལོ་བརྒྱད་པ་དེ་ཡིན། གྲགས་ཅན་སྒྲ་གདངས་མཁས་པ་ཐན་ཏུན་གྱིས་གསར་རྩོམ་བྱས་པའི་ཨོག་ལེན་ཆུང་བའི་མཉམ་དཀྲོལ་རོལ་དབྱངས་༼མེ་མཆོད་༽ཅེས་པ་དེ་ད་ཐེངས་རོལ་དབྱངས་མཚན་ཚོགས་ཀྱི་ཁྱད་ཆོས་མངོན་གསལ་དོད་ཤོས་སུ་གྱུར་ཡོད་པ་རེད། བརྩམས་བྱ་དེའི་དམིགས་ཡུལ་ནི་དམག་འཁྲུག་ནང་རྐྱེན་ལམ་དུ་ཤོར་མཁན་རྣམས་ལ་དྲན་གསོ་ཞུ་བ་དང་། འཛམ་གླིང་ཞི་བདེ་ཡོང་རྒྱུར་རེ་འབོད་བྱས་པ་ཞིག་ཡིན།

ཉིན་དེར། ཧྥ་རན་སིའི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་སྤྱི་ལོ་༢༠༡༩ལོའི་དཔྱིད་གསར་དགའ་གཏོང་ཞེས་པའི་ཕ་རི་སིའི་ཁུལ་བདུན་པར་རིག་རྩལ་མཚན་ཚོགས་གཉེར་ཡོད་པ་དང་། བལྟས་མོ་ཆེ་བའི་ཀྲུང་གོའི་ཞབས་བྲོ་དང་། གྲགས་རྩལ། དམངས་ཁྲོད་རོལ་དབྱངས་ཀྱིས་ས་གནས་དེ་གའི་གཟིགས་མོ་བའི་དགའ་བསུ་ཚད་མེད་ཐོབ་ཡོད། ཁུལ་བདུན་པར་གནས་སྡོད་བྱེད་མཁན་གྱི་མཁྱེན་ལྡན་མ་ཅིན་ལགས་ཀྱིས། འདི་ནི་དཔྱིད་གསར་དུས་ཆེན་གྱི་འཁྲབ་སྟོན་ཁོ་ན་མ་ཡིན་པར། སྣེ་མང་ཕུན་སུམ་ཚོགས་པའི་རིག་གནས་མཉམ་བསྲེས་བྱས་པ་ཡང་མངོན་ཡོད་པ་ཞིག་རེད།

ཉིན་དེར། ཅི་ནན་གྲོང་ཁྱེར་གྱི་རྩལ་རྩེད་ཚོགས་པས་ཉིའུ་ཙི་ལན་བྱང་རྒྱུད་ཕ་མོ་སི་ཏུན་གྲོང་ཁྱེར་གྱི་ཡུལ་མོ་ཚོར་བལྟས་མོ་ཆེ་བའི་རྩལ་རྩེད་འཁྲབ་སྟོན་བྱས་ཡོད། ཉིའུ་ཙི་ལན་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རིན་ཀོ་ཙུང་ཀྭང་གིས། དེ་ནི་སྤྲོ་སྐྱིད་ལྡན་པའི་དཔྱིད་གསར་དུས་ཆེན་ཞེས་པའི་རིག་གནས་བྱེད་སྒོ་བྱང་རྒྱུད་ཕ་མོ་སི་ཐུན་གྲོང་ཁྱེར་ལ་སྐྱོད་ཐེངས་གསུམ་པ་དེ་ཡིན། རྩལ་རྩེད་འཁྲབ་སྟོན་གྱི་རྣམ་པ་དེ་བརྒྱུད་ནས། ཉིའུ་ཙི་ལན་གྱི་གཟིགས་མོ་བས་དཔྱིད་གསར་དུས་ཆེན་དགའ་གཏོང་བྱེད་པའི་རྣམ་པ་མྱོང་རོལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།