ཀྲུང་གོའི་སྐུ་ཚབ་ཀྱིས་ཁོ་སོ་ཝོའི་གནད་དོན་ཐག་གཅོད་འོས་འཚམ་བྱ་རྒྱུར་ཆ་རྐྱེན་བསྐྲུན་དགོས་ཞེས་རེ་འབོད་གནང་བ།
སྤེལ་བའི་དུས་ཚོད། : 2019-02-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༧ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་བཞུགས་ཀྲུང་གོའི་སྐུ་ཚབ་མ་ཀྲའོ་ཞུད་ཀྱིས། ཁོ་སོ་ཝོའི་གནད་དོན་གྱི་འབྲེལ་ཡོད་ཕྱོགས་ཁག་ནས་དུས་བབ་རྙོག་རྫིང་ཆེ་རུ་འགྲོ་བ་དང་ཇེ་སྡུག་ཏུ་འགྲོ་བའི་གཏམ་སྤྱོད་གང་རུང་ལས་གཡོལ་ཐབས་བྱས་ནས། ཁོ་སོ་ཝོའི་གནད་དོན་ཐག་གཅོད་འོས་འཚམ་བྱ་ཆེད་ཆ་རྐྱེན་བསྐྲུན་དགོས་ཞེས་བསྟན་ཡོད།

མ་ཀྲའོ་ཞུད་ཀྱིས་ཉིན་དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོ་སོ་ཝོའི་གནད་དོན་གྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག ཀྲུང་གོའི་ཕྱོགས་ནས་ཉེ་དུས་ཁོ་སོ་ཝོའི་དབང་འཛིན་ལས་ཁུངས་ནས་སེར་ཝེ་ཡའི་ནས་ནང་འདྲེན་བྱེད་པའི་ཚོང་ཟོག་ལ་བཅའ་ཁྲལ་མང་དུ་བསྡུ་རྒྱུ་དང་། རང་ངོས་ཀྱི་བདེ་འཇགས་སྟོབས་ཤུགས་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་ཐབས་བཟུང་བར་དོ་སྣང་བྱུང་། འབྲེལ་ཡོད་ཀྱི་བྱ་སྤྱོད་དེ་དག་ཕྱོགས་གཉིས་པོའི་ཕན་ཚུན་ཡིད་ཆེས་དང་དང་སྐད་ཆ་ཤོས་རེད་བྱ་རྒྱུར་ཕན་པ་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། འབྲེལ་ཡོད་ཕྱོགས་ཁག་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལ་བརྩི་སྲུང་ཏན་ཏིག་ཞུས་ནས། དུས་བབ་རྙོག་རྫིང་ཆེ་རུ་འགྲོ་བ་དང་ཇེ་སྡུག་ཏུ་འགྲོ་བའི་གཏམ་སྤྱོད་གང་རུང་ལས་གཡོལ་ཐབས་བྱས་ནས། ཁོ་སོ་ཝོའི་གནད་དོན་ཐག་གཅོད་འོས་འཚམ་བྱ་ཆེད་ཆ་རྐྱེན་བསྐྲུན་དགོས་ཞེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།